19871

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:28, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཉོ་ཚོང་བྱེད་པའི་སྤང་ལྟུང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྤང་ལྟུང་སུམ་ཅུའི་ནང་གསེས་ཤིག ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས། གླེང་གཞི་ནི་གཉན་ཡོད་དུ་དྲུག་སྡེས་ཉོ་ཚོང་རྣམ་པ་སྣ་ཚོགས་བྱས་པས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་འདོད་པ་ཆེས་པ་དང་མ་བྱིན་ལེན་གྱི་རྒྱུར་འགྲོ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ནས་དང་འབྲས་ལ་སོགས་པའི་དངོས་པོ་ཁྱིམ་པ་དང་ཉོ་ཚོང་བྱེད་དེ་ཁེ་ཐོབ་ཅིང་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་གཉིས་ཏེ། གང་དང་ཉོ་ཚོང་བྱ་བའི་ཡུལ་དང་། གང་ཉོ་ཚོང་བྱ་བའི་དངོས་པོའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་ཚོང་ཁེ་སྒྲུབ་པའི་ཕྱིར་ཉོ་ཚོང་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་ཉོ་ཚོང་བྱེད་པར་ཞུགས་པའོ། །མཐར་ཐུག་པ་ནི་ཚོང་ཁེ་ཐོབ་ཅིང་ཐོབ་བློ་སྐྱེས་པའོ། །ཞེས་གསུངས། ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས། འདི་ལ་བཞི་ལས། གཞི་ལ་ཡུལ་ནི་ཁྱིམ་པ་ཐ་སྙད་ལྔ་ལྡན་རྫས་ཐ་དད་པ། ཉེ་དུ་མ་ཡིན་པའོ། །དངོས་པོ་པ་ན་དང་རིན་པོ་ཆེ་ལ་སོགས་པ་ལས་གཞན་གཞལ་བར་བྱ་བ་འབྲུ་དང་གོས་ལ་སོགས་པ་རང་དབང་བ། ཐ་སྙད་གདགས་སུ་རུང་བ་ཚད་དང་ལྡན་པའོ། །ཀུན་སློང་རྙེད་པར་འདོད་པའོ། །སྦྱོར་བ་ངག་མཚན་ཉིད་དྲུག་ལྡན་གྱིས་བསྐྱེད་པར་རྩོམ་པའོ། །མཐར་ཐུག་བསྐྱེད་ཁྲུ་གང་དུ་ལོངས་པ་ཐོབ་པའོ། །ཞེས་གསུངས། པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། དགེ་སློང་གིས་རང་གི་རྙེད་པའི་དོན་དུ་རིན་པོ་ཆེ་ལས་གཞན་པའི་ཡོ་བྱད་ལ་ཉོ་ཚོང་བྱེད་པའི་བཅས་པའི་ཁ་ན་མ་ཐོ་བ་དེ་ཡིན་ཏེ། གཞན་གྱིས་སོ། །ཞེས་དང་། རྙེད་པའི་དོན་དུ་མར་བཙོངས་ཤིང་། །ནམ་ཡང་ཉོ་ན་ལྟུང་བ་ཉིད། །ཅེས་གསུངས་སོ། །གོས་ལ་སོགས་པ་ཉོ་དགོས་པ་རྣམས་ཁྱིམ་པ་ཉོར་གཞུག་ཅིང་། ཁྱིམ་པ་མེད་ན་གོས་ལ་སོགས་པའི་རིན་རང་གི་བློ་ཚད་ཀྱིས་རིན་ཐང་གདབ་པ་གོས་ཚོང་པའི་ཕ་རོལ་པོའི་མདུན་དུ་བཞག་ནས་འདི་ཙམ་གྱིས་དགའ་འམ་ཞེས་ལན་གཅིག་གམ་གཉིས་གསུམ་གྱི་བར་གྱི་ཚིག་བརྗོད་པས་ཉོ་བ་ལ་ཉེས་པ་མེད་དེ། ཁྱིམ་པ་ཉོར་གཞུག་གོ ། མེད་ན་ལན་གསུམ་གྱི་བར་དུ་ཚིག་བརྗོད་པར་བྱའོ། །ཟོང་ལ་བརྩེགས་པ་ནི་གཞན་གྱི་དོན་དུ་ཡང་མི་བྱ་སྟེ། ཞེས་གསུངས་སོ། །དྲུག་སྡེས་རིན་པོ་ཆེ་ལས་གཞན་པའི་ཡོ་བྱད་ལ་ཉོ་ཚོང་གི་སྒོ་ནས་ཁེ་སྤོགས་བྱས་པ་ལ་བརྟེན་ནས་བཅས་སོ། །ཞེས་གསུངས་སོ། །
Domain ཆོས་ལུགས།