19983
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྤང་བྱ་སྒྲིབ་པ་གསུམ་གྱི་ནང་གསེས་ཤིག ཉོན་མོངས་ཤས་ཆེ་བ་སྟེ། རྒྱུན་དུ་འབྱུང་བ་གང་ཡིན་པའོ། །དེ་ནི་ཆུང་ངུ་ལ་བརྟེན་ནས་འབྲིང་སྐྱེ་ལ་འབྲིང་ལ་བརྟེན་ནས་ཆེན་པོ་སྐྱེ་བས་དེ་ངེས་པར་གཞོམ་པའི་ཕྱིར་རྩོལ་པའི་དུས་མི་རྙེད་པས་ན་སྒྲིབ་པ་སྟེ། དཔེར་ན་ཟ་མ་ལ་སོགས་པ་རྣམས་ཀྱི་ལྟ་བུའོ། །གཞན་ཉོན་མོངས་རྣོ་བ་ནི་ཉོན་མོངས་རེས་འགའ་འབྱུང་བའོ། །ཤུགས་དྲག་ཏུ་འབྱུང་ཀྱང་གཞོམ་ནུས་པའི་ཕྱིར་སྒྲིབ་པ་གསུམ་དུ་མ་གཏོགས་སོ། །འདིས་གང་ལ་སྒྲིབ་ཅེ་ན། འཕགས་པའི་ལམ་དང་འཕགས་པའི་ལམ་ལ་སྦྱོར་བར་བྱེད་པའི་དགེ་བའི་རྩ་བ་རྣམས་ལ་སྒྲིབ་བོ། །འོ་ན་ནི་ལམ་ཕྲན་པ་དང་སེར་མོའི་ཕྲེང་བ་ཅན་དང་དགའ་བོ་ལ་སོགས་པ་ནི་ཉོན་མོངས་པ་ཆེན་པོ་དང་ལྡན་པའི་ཕྱིར་དེ་དག་ལ་འཕགས་པའི་ལམ་མི་སྐྱེ་བར་འགྱུར་ཞེ་ན། དེ་དག་གིའང་ཇི་སྲིད་སྒྲིབ་པ་དེ་དག་མ་སྦྱངས་པ་དེ་སྲིད་དུ་ལམ་མི་སྐྱེ་བ་ཡིན་ལ་སྐྱེ་བ་ན་ནི་ཉོན་མོངས་པ་ཆེན་པོ་མེད་པའི་ཕྱིར་རོ། །ཞེས་འདོད་དོ། ། |
| Domain | ཆོས་ལུགས། |