19989
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། སྐབས་འདིར་ཉོན་མོངས་མེད་པའི་ཏིང་ངེ་འཛིན་ནི་རང་རྒྱུད་ལ་ཉོན་མོངས་ཟད་པར་སྤངས་ནས་གདུལ་བྱ་གཞན་གྱི་རྒྱུད་ལ་རང་ཉིད་ལ་དམིགས་པའི་ཉོན་མོངས་འཇོམས་པར་བྱེད་པའི་ཏིང་ངེ་འཛིན་ཞིག་ལ་འཇོག་པ་ཡིན། པཎ་ཆེན་གྱི་ཕར་ཕྱིན་རྩ་ཊཱིཀ་ལས། དེ་བཞིན་གཤེགས་པའི་ཉོན་མོངས་མེད་པའི་ཏིང་ངེ་འཛིན་གྱི་མཐུས་སེམས་ཅན་ཕ་རོལ་གྱི་རྒྱུད་དུ་གཏོགས་པའི་ཉོན་མོངས་པའི་དགྲའི་རྒྱུན་དྲུངས་འབྱིན་པའི་ཏིང་ངེ་འཛིན་ཞེས་བྱ་བ་གང་ཡིན་པ་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དང༌། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:ཉོན་མོངས་མེད་པའི་ཏིང་ངེ་འཛིན་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཕར་ཕྱིན། ཀུན་མཁྱེན་རོང་སྟོན་གྱི་རྒྱན་འགྲེལ་ཟབ་དོན་གནད་ཀྱི་ཟླ་འོད་ལས། ཉོན་མོངས་པ་མེད་པའི་དོན་བཤད་པ་ལ། བསམ་གཏན་བཞི་པ་ལ་བརྟེན་ཅིང་གང་ཟག་དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་ཡན་ཆད་ལ་ཡོད་ཅིང་མིའི་རྟེན་ཅན་དུ་བཤད་དོ། །ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལ་གཉིས་ལས། ཉན་ཐོས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ནི་ཉན་ཐོས་རང་རྒྱུད་ཀྱི་ཉོན་མོངས་པ་སྐྱེ་འགྱུར་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པའི་ཏིང་ངེ་འཛིན་ཏོ། །སངས་རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ནི་རང་རྒྱུད་ལ་ཉོན་མོངས་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པར་མ་ཟད་གང་ཟག་ཕ་རོལ་པོ་རྣམས་ཀྱི་ཉོན་མོངས་རྣམས་ཀྱང་དྲུང་ནས་འབྱིན་པར་བྱེད་པའོ། །ཞེས་གསུངས། |
{{#arraymap:ཉོན་མོངས་མེད་པའི་ཏིང་ངེ་འཛིན་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མངོན་པ། ཉོན་མོངས་པ་མེད་པ་ནི་དགྲ་བཅོམ་པ་དག་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ནི་ཉོན་མོངས་ལས་བྱུང་བ་དང་རང་ཉིད་ཀྱང་ཡོན་གནས་ཀྱི་ཁྱད་པར་དུ་རིག་ནས་ཕ་རོལ་པོའི་ཉོན་མོངས་པ་སྤང་བར་འདོད་ནས་བདག་མཐོང་བ་དང་བདག་ལ་དམིགས་ནས་གཞན་དག་ལ་ཉོན་མོངས་པ་ཆགས་སྡང་དང་ང་རྒྱལ་དང་བག་མེད་པ་སྐྱེ་བར་མ་གྱུར་ཅིག་སྙམ་དུ་མཉམ་པར་བཞག་ནས། དེ་ལས་ལངས་ནའང་དེ་དང་རྗེས་སུ་མཐུན་པར་དེ་ལྟ་བུའི་ཤེས་པ་སྐྱེད་པར་བྱེད་པ་སྟེ་དེ་ནི་ཀུན་རྫོབ་ཤེས་པའི་བདག་ཉིད་ཡིན་ནོ། །ས་ནི་ལམ་སླ་བ་རྣམས་ཀྱི་མཆོག་ཡིན་པས་བསམ་གཏན་རྣམས་ཀྱི་ཡ་མཐའ་བཞི་པ་ཁོ་ན་ན་ཡོད་ལ། གང་ཟག་ནི་དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་ཡིན་གྱི་ཉམས་པའི་ཆོས་ཅན་ལ་སོགས་པ་དགྲ་བཅོམ་གཞན་གྱི་ནི་མ་ཡིན་ཏེ། དེ་དག་ལ་ཉམས་པ་སྲིད་པས་རང་གི་རྒྱུད་ཀྱིའང་རེས་འགའ་ཉོན་མོངས་སྤང་བར་མི་ནུས་པའི་ཕྱིར་རོ། །ལུས་ཀྱི་རྟེན་ནི་གླིང་གསུམ་གྱི་མི་ཁོ་ནས་སྐྱེད་པར་བྱེད་པ་ཡིན་ཏེ། བློ་གསལ་བའི་ཕྱིར་རོ། །འདིའི་དམིགས་པ་ནི་ཕ་རོལ་ཆགས་སྡང་ཅན་དག་ལ་ཉོན་མོངས་སྐྱེ་བར་མ་གྱུར་ཅིག་ཅེས་སྒོམ་པའི་ཕྱིར་ཉོན་མོངས་པ་འདོད་པར་གཏོགས་པ་དང་མ་སྐྱེས་པ་མ་འོངས་པ་གཞིར་བཅས་འདོད་ཆགས་ལ་སོགས་པ་སྒོམ་སྤང་རྣམས་ཀྱི་སྤྱོད་ཡུལ་ཅན་ཡིན་ཏེ། ཁམས་གོང་མ་པ་དག་འཕགས་པ་ལ་དམིགས་ནས་ཉོན་མོངས་པ་སྐྱེ་བ་ཤས་ཆུང་བའི་ཕྱིར་དང་། སྔར་སྐྱེས་པ་རྣམས་སྤང་བར་མི་ནུས་པའི་ཕྱིར་དང་། མཐོང་སྤང་གཞི་མེད་པ་བརྟགས་པ་ལ་དམིགས་པ་ཀུན་འགྲོ་རྣམས་ནི་རང་གིས་ཐམས་ཅད་ལ་དམིགས་པས་གཞན་རྒྱུད་ལ་དམིགས་པའང་ཡོད་པས་སྤང་བར་མི་ནུས་པའི་ཕྱིར་དང་། སྒོམ་སྤང་ནི་བདེན་པ་དང་པོ་གཉིས་ལ་དམིགས་པས་གཞི་དང་བཅས་པ་སྤང་བར་ནུས་པའི་ཕྱིར་རོ། ། མངོན་པར་རྟོགས་པའི་རྒྱན་ལས་ནི། ཉན་ཐོས་ཉོན་མོངས་མེད་པའི་ལྟ། །མི་ཡི་ཉོན་མོངས་ཡོངས་སྤོང་ཉིད། །གྲོང་སོགས་སུ་དེའི་ཉོན་མོངས་རྣམས། །རྒྱུན་གཅད་རྒྱལ་བའི་ཉོན་མོངས་མེད། །ཅེས་ཉན་རང་གི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ནི་བདག་ལ་དམིགས་ནས་མི་འགའ་ཞིག་གི་རྒྱུད་ལ་ཉོན་མོངས་པ་སྐྱེས་པར་གྱུར་ན་མི་རུང་ངོ་ཞེས་མི་ཉོན་མོངས་སྐྱེ་བ་ཡོངས་སུ་སྤོང་བའི་ཐབས་ལ་འབད་པ་ཡིན་པས་ཉི་ཚེ་བ་དང་རེ་ཞིག་པ་དང་། སངས་རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ནི་གྲོང་ལ་སོགས་པར་སེམས་ཅན་ཉོན་མོངས་པ་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ས་བོན་རྩ་བ་ནས་འབྱིན་པར་བཞེད་པས་ཁྱབ་པ་དང་གཏན་དུ་བ་ཡིན་པར་བཤད་དོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
{{#arraymap:ཉོན་མོངས་མེད་པའི་ཏིང་ངེ་འཛིན་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སེར་སྨད་རྒྱལ་དབང་མཛོད་ལས། དེ་ཡང་ཉོན་མོངས་མེད་པའི་ཏིང་ངེ་འཛིན་ནི། དགྲ་བཅོམ་པ་གང་དག་གཞན་རྒྱུད་ཀྱི་ཉོན་མོངས་སྤོང་བར་འདོད་ནས་བདག་མཐོང་བ་དང༌། བདག་ལ་དམིགས་ནས་གཞན་རྒྱུད་ལ་ཆགས་སྡང་སོགས་ཉོན་མོངས་པ་སྐྱེ་བར་མ་གྱུར་ཅིག་སྙམ་དུ་རབ་མཐའི་བསམ་གཏན་བཞི་པ་ལ་མཉམ་པར་བཞག་ནས། དེ་ལས་ལངས་རྗེས་སུའང་དེ་དང་རྗེས་སུ་མཐུན་པའི་ཤེས་པ་བསྐྱེད་པ་ལ་བྱེད་པ་སྟེ། དེ་ནི་ཀུན་རྫོབ་ཤེས་པ་ཁོ་ན་ཡིན་ལ། ས་ཡང་བསམ་གཏན་བཞི་པ་ཁོ་ན་དང༌། གང་ཟག་ནི་དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་གྱིས་ཡིན་གྱིས། ཉམས་པའི་ཆོས་ཅན་སོགས་ཀྱིས་ནི་མ་ཡིན་ཏེ། དེ་དག་ནི་རེས་འགའ་རང་རྒྱུད་ལ་ཡང་ཉོན་མོངས་སྐྱེ་བ་སྲིད་ན་གཞན་གྱི་ཉོན་མོངས་སྤོང་བ་ལྟ་ཅི་སྨོས་པའི་ཕྱིར་རོ། །ལུས་རྟེན་ནི་གླིང་གསུམ་གང་རུང་གི་མི་ཁོ་ན་ཡིན་ལ། ཏིང་ངེ་འཛིན་འདིའི་དམིགས་ཡུལ་ནི་འདོད་པའི་སས་བསྡུས་ཀྱི་སྒོམ་སྤང་ཉོན་མོངས་མ་འོངས་པ་གཞི་དང་བཅས་པ་ཁོ་ན་ཡིན་གྱི་ཁམས་གོང་མའི་ཉོན་མོངས་ནི་མི་འབྱུང་སྟེ། གོང་མ་པ་རྣམས་འཕགས་པ་ལ་དམིགས་ནས་ཉོན་མོངས་སྐྱེ་བ་ཤེས་ཆུང་བའི་ཕྱིར། དེ་བཞིན་དུ་མཐོང་སྤང་ཉོན་མོངས་དང༌། སྒོམ་སྤང་ཉོན་མོངས་འདས་པ་དང་ད་ལྟར་བ་ཡང་མི་འབྱུང་ངོ་། །ཞེས་གསུངས། |
{{#arraymap:ཉོན་མོངས་མེད་པའི་ཏིང་ངེ་འཛིན་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཉོན་མོངས་མེད་པའི་ཏིང་ངེ་འཛིན་ནི་ཁྱད་ཆོས་ལྔ་དང་ལྡན་ཏེ། ངོ་བོ་ཀུན་རྫོབ་ཤེས་པ་ཡིན་ལ། ས་བསམ་གཏན་བཞི་པས་བསྡུས། རྒྱུད་མི་གཡོ་བའི་ཆོས་ཅན་གྱི་དགྲ་བཅོམ་པ་ཁོ་ནའི་རྒྱུད་ཀྱིས་བསྡུས། རྟེན་གླིང་གསུམ་གྱི་མི་ཁོ་ནའི་རྒྱུད་ལ་གསར་དུ་སྐྱེད། དམིགས་པ་ཉོན་མོངས་སྐྱེ་འགྱུར་སྒོམ་སྤངས་བཞི་དང་བཅས་པ་ལ་དམིགས་པ་ལ་དམིགས་ནས་རྣམ་པ་དེ་མི་སྐྱེ་བར་གྱུར་ཅིག་སྙམ་པའི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར། |
{{#arraymap:ཉོན་མོངས་མེད་པའི་ཏིང་ངེ་འཛིན་
|; |@@@ | | }}