20008

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:28, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཉོན་སྒྲིབ་ (1)
Part of speech མིང་ཚིག
Definition མདོ། གང་ཟག་རང་ཉིད་ཐར་པ་ཐོབ་པ་ལ་སྒྲིབ་པར་བྱེད་པའི་ཉོན་མོངས་དང་དེའི་བག་ཆགས་གང་རུང་ཞིག་ལ་ཉོན་སྒྲིབ་ཅེས་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། སྒྲིབ་པ་གཞིར་བཅས་ལ་ཐར་པ་དང་ཐམས་ཅད་མཁྱེན་པ་གཉིས་ཀྱི་ནང་ནས་གཙོ་བོ་ཐར་པ་ཐོབ་པ་ལ་བར་དུ་གཅོད་པའི་སྒྲིབ་པའི་རིགས་སུ་གནས་པ་ཉོན་སྒྲིབ་ཀྱི་ངོ་བོ། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཉོན་སྒྲིབ་

|; |@@@ | | }}

ཉོན་སྒྲིབ་ (2)
Part of speech མིང་ཚིག
Definition སྒྲིབ་པ་གཉིས་ཀྱི་ཡ་གྱལ་ཞིག་སྟེ། མཚན་ཉིད། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། གཙོ་བོར་ཐར་པ་ཙམ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པའི་རིགས་སུ་གནས་པ། ཉོན་སྒྲིབ་ཀྱི་མཚན་ཉིད། དེ་ལ་དབྱེ་ན། ཀུན་བརྟགས་དང༌། ལྷན་སྐྱེས་གཉིས། ཞེས་གསུངས།

{{#arraymap:ཉོན་སྒྲིབ་

|; |@@@ | | }}

ཉོན་སྒྲིབ་ (3)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། སྒྲིབ་གཉིས་གང་རུང་ཡང་ཡིན། ཐར་པ་དང་ཐམས་ཅད་མཁྱེན་པ་གཉིས་ཀྱི་ནང་ནས་གཙོ་བོར་ཐར་པ་ཙམ་ཐོབ་པ་ལ་གེགས་བྱེད་པའི་རིགས་སུ་གནས་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། དེ་ལ་དབྱེ་ན། མཐོང་སྤང་ཉོན་སྒྲིབ་དང༌། སྒོམ་སྤང་ཉོན་སྒྲིབ་གཉིས།

{{#arraymap:ཉོན་སྒྲིབ་

|; |@@@ | | }}

ཉོན་སྒྲིབ་ (4)
Part of speech མིང་ཚིག
Definition བཀྲས་ལྷུན་ཐོས་གླིང་ཡིག་ཆར། ཉོན་སྒྲིབ་སྤངས་པའི་ཐར་པ་ཐོབ་པ་ལ་བར་དུ་གཅོད་པའི་རིགས་སུ་གནས་པའི་སྒྲིབ་པར་དམིགས་པ། ཉོན་སྒྲིབ་ཀྱི་མཚན་ཉིད་ཡིན། རིགས་གནས་སྨོས་པ་ལ་དགོས་པ་ཡོད་དོ། ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་སྒོ་ནས་དོན་གཉིས་ཕུན་ཚོགས་བསྒྲུབ་པར་བྱེད་པའི་ཐབས་སུ་གྱུར་པའི་ཉོན་མོངས་པ་རྣམས་ཉོན་སྒྲིབ་ཏུ་བསྡུ་བའི་དགོས་པ་ཡོད་པའི་ཕྱིར།
Example སྨན་དང་སྔགས་ཀྱི་ནུས་པ་ཉམས་པར་བྱས་པའི་དུག་རྣམས་དུག་ཡིན་པ་བཞིན་ནོ། །དེ་ལ་དབྱེ་ན། ཉོན་མོངས་མངོན་གྱུར་དང༌། ས་བོན་གྱི་ཆ་གཉིས།

{{#arraymap:ཉོན་སྒྲིབ་

|; |@@@ | | }}

ཉོན་སྒྲིབ་ (5)
Part of speech མིང་ཚིག
Definition པཎ་ཆེན་ཤཱཀྱ་མཆོག་གི་དབུ་འཇུག་དཀའ་གནད་ཀུ་མུད་ཕྲེང་མཛེས་ལས། ཉོན་མོངས་སྒྲིབ་པའི་མཚན་ཉིད་ནི། ཐར་པ་ཙམ་ཐོབ་པ་ལ་གཙོ་བོར་གེགས་བྱེད་གང་ཞིག་གཙོ་བོར་གང་ཟག་གི་བདག་མེད་རྟོགས་པའི་བར་ཆད་མེད་ལམ་གྱིས་གཞོམ་བྱར་གྱུར་པའོ། །མཚན་གཞི་ནི་སོ་སོ་སྐྱེ་བོས་རང་རྒྱུད་ཀྱི་ཕུང་པོ་ལ་བདེན་པར་འཛིན་པའི་མ་རིག་པ་དང། དེ་ལས་བྱུང་བའི་ངར་འཛིན་དང། དེ་དང་མཚུངས་པར་ལྡན་པའི་ཆགས་སོགས་ཉོན་མོངས་པ་རྣམས་དང། ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་ལ་བདེན་པར་འཛིན་པའི་བློ་མཚུངས་ལྡན་དང་བཅས་པ་རྣམས་སོ། །དེ་དག་གིས་ཀུན་ནས་བསླང་བའི་ལས་དང། དེ་གཉིས་ཀྱི་རྣམ་སྨིན་དུ་གྱུར་པའི་སྡུག་བསྔལ་གྱི་ཕུང་པོ་རྣམས་ཀྱང་ཉོན་མོངས་པ་མ་ཡིན་ཀྱང་དེའི་སྒྲིབ་པར་བཞག་པ་ཡིན་ཏེ། གོང་གི་མཚན་ཉིད་དེ་ཚང་བའི་ཕྱིར། ཉོན་མོངས་པ་དེ་དག་གི་བག་ཆགས་ལ་ནི་གཉིས་ཏེ། ཉོན་མོངས་པའི་ས་བོན་དང། དེས་བཞག་པའི་གནས་ངན་ལེན་ཉོན་མོངས་སྤངས་པའི་གང་ཟག་གི་རྒྱུད་ལའང་ཡོད་པའོ། །དང་པོ་ནི་ཉོན་མོངས་པའི་སྒྲིབ་པ་ཡིན་ལ། གཉིས་པ་ནི་ཤེས་བྱའི་སྒྲིབ་པའོ། །ཞེས་དང། ཀུན་མཁྱེན་གོ་རམས་པ་ལྟ་བའི་ཤན་འབྱེད་ལས། གང་ཟག་ལ་བདེན་པར་འཛིན་པའི་བདེན་འཛིན་དང། དེའི་འབྲས་བུར་གྱུར་པའི་རྩ་ཉོན་དང་ཉེ་ཉོན་རྣམས་གསུངས་པ་རྣམས་དོན་གཅིག་ཏུ་སྣང་བས་ཉོན་མོངས་པ་ས་བོན་དང་བཅས་པ་རྣམས་ལ་ཉོན་སྒྲིབ་ཏུ་འཇོག་པ་ལ་ནི་བྱམས་པ་དང་། ཀླུ་སྒྲུབ་གཉིས་དགོངས་པ་གཅིག་ཏུ་སྣང་ངོ། །ཞེས་གསུངས་སོ། །

{{#arraymap:ཉོན་སྒྲིབ་

|; |@@@ | | }}