20089

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:28, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཌཱཀྐི་དྲུག་བསྟོད་དགོན་ (1)
Part of speech མིང་ཚིག
Definition ཌཱཀྐི་དྲུག་བསྟོད་ནོར་བུ་གླིང་ནི། ཌཱཀྐི་དྲུག་གིས་གླུ་གར་གྱིས་བསྟོད་པའི་ཉམས་སྣང་བྱུང་བའི་དགོན་མིང་ལ་དེ་ལྟར་ཐོགས་ལ། བརྡ་གེ་ཞེས་གྲགས་པའི་བྱེ་བྲག་ཁྲི་ཚོགས་སྒང་ཝཾ་འགོ་ཞེས་པར། རབ་བྱུང་བཞི་པ་ཙམ་ལ་ཨ་སི་པདྨ་རྒྱལ་མཚན་གྱིས་དགོན་པ་ཆུང་ངུ་ཞིག་བཏབ། ཀཿཐོག་པའི་དགོན་ལག་ལྔ་བརྒྱའི་ནང་གི་ཡ་གྱལ་ཤར་གྱི་ཀ་ཆེན་ཌཱཀྐི་དྲུག་བསྟོད་ནོར་བུ་གླིང་ཡིན་གསུངས། ཀཿཐོག་དྲི་མེད་ཞིང་སྐྱོང་མགོན་པོ་གོང་འོག་དང་། དགེ་རྩེ་མ་ཧཱ་པཎ་ཆེན་དང་། སི་ཏུ་སོགས་བླ་སྤྲུལ་མང་པོ་བྱོན་ནས་བཀའ་གཏེར་གྱི་སྨིན་གྲོལ་མཛད། ཀཿཐོག་ཀུན་གཟིགས་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་མཁན་ཀུན་བཟང་དཔལ་ལྡན། དགེ་འདུན་རབ་རྒྱས་མཁན་པོར་མངའ་གསོལ། དགོན་སྟོད་དུ་བཤད་གྲྭའི་འདུ་ཁང་སོགས་གསར་དུ་བཞེངས་ཏེ་མི་ཕམ་གྱི་གཞུང་དང་ཡོན་ཏན་མཛོད་དང་། རྒྱུད་གསང་སྙིང་སོགས་མདོ་སྔགས་རིག་གནས་ཀྱི་བཤད་གྲྭ་གསར་བཙུགས་གནང་། གཞུང་བཀའ་པོད་ལྔ་ཐུགས་ཐོག་ནས་འཆད་ནུས་པའི་སློབ་མ་མང་དུ་བྱུང་། མཁན་འཇམ་དཔལ་གྱིས་ལས་ཐོག་མཁན་པོའི་ཁུར་འཛིན་སྐབས་སྒྲུབ་གྲྭ་པ་བཅུ་ཕྲག་ཕྱེད་གཉིས་ཙམ་གྱིས་ལོ་གསུམ་ལ་བཀའ་བརྒྱད་དང་མ་ཎིའི་བསྙེན་མཚམས་འདུག་པའི་སྲོལ་ཡོད། དེ་ནས་བར་ཆད་ཀྱི་རྐྱེན་གྱིས་དགོན་པ་མེས་འཇིག་ནས། སླར་ཡང་ཉག་སྟོད་ཤོག་ཁག་ཐམས་ཅད་བསྡུས་ནས་འདུ་ཁང་གོང་མ་ཀ་རིང་བརྒྱད་ཅན་བཞེངས། སྤྱིར་སྔོན་རྗེས་མེད་པར་དགོན་འདིའི་བསྟན་རྩ་ཉམས་གསོ་མཛད་པའི་བླ་ཁག་བཅུ་པོའི་མཚན་ཙམ་སྨོས་ན། ཨ་གདན་ཚང་། རི་ཤུས་བླ་མ་བསམ་གཏན་རྡོ་རྗེ་ཟེར་བ་དེ་དམྱལ་སྣང་ལན་གསུམ་བྱོན་ཚུལ་གྱི་ཡིག་ཆ་ད་ལྟ་ཉག་ཁོག་ན་ཡོད་ཚུལ་ཐོས། རི་ཤུས་ཨོ་རྒྱན་ཆོས་དར་དང་། སྨན་པ་ཚང་། ཨ་ཀྱག་ཚང་། ཀླུ་འགུགས་ཚང་། ལྷ་བཟོ་ཚང་། ཀེ་རེ་ཚང་། ལི་པོ་ཚང་། ལྷ་མཁར་ཚང་། རྔ་ལི་ཚང་། ཨ་རྟའུ་ཚང་གི་བླ་བྲང་བཅས་སོ། །དེ་རྣམས་ལས་གཙོ་བོ་ལྟ་བུ་ཨ་གདན་བླ་བྲང་དབོན་བརྒྱད་རིམ་བྱོན་རྣམས་ཏེ། ཨ་གདན་བླ་མ་སངས་རྒྱས་རྒྱ་མཚོ། ཀུན་བཟང་བརྩོན་འགྲུས། པདྨ་རྒྱལ་མཚན། ཚུལ་ཁྲིམས་གྲགས་པ། ཨོ་རྒྱན་ཆོས་དར་བཅས་ཤར་ཀཿཐོག་པའི་སློབ་བརྒྱུད་ཁོ་ན་ཡིན། ཉག་སྦ་ལྕགས་རི་ཁྲོད་དུ་ཉག་དཔོན་གྱིས་དབོན་བརྒྱད་ཅུ་བསྡུས་པའི་གྲལ་གྱི་བླ་མ་སངས་རྒྱས་ལྷུན་གྲུབ་དང་དེའི་ཚ་བུ་བླ་མ་ཕྲིན་ལས་ཀྱིས་ཀྱང་དགོན་སྡེ་ལོ་མང་བསྐྱངས་མཐར་རབ་བྱུང་བཅུ་དྲུག་པའི་ལྕགས་བྱི་ལོར་མྱ་ངན་ལས་འདས། མཁན་ཨ་དགེས་རང་དགོན་དུ་བཤད་གྲྭ་གསར་འཛུགས་དང་ལོ་བཅུར་མཁན་པོ་མཛད། སློབ་མ་རྣམས་ལས་གཞུང་བཀའ་པོད་ལྔ་ཐུགས་ཐོག་ནས་འཆད་ནུས་པ་བྱུང་། མཁན་བསྟན་འཛིན་ནོར་བུས་བསྟན་དགོན་བསྐྱངས། མཁན་རིན་པོ་ཆེ་ཨ་དགེ་དཔོན་སློབ་ཀྱིས་བཀའ་དྲིན་ཆེན་པོོས་བསྐྱངས།

{{#arraymap:ཌཱཀྐི་དྲུག་བསྟོད་དགོན་

|; |@@@ | | }}