20175

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:28, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཏ་ཟིག་ (1)
Part of speech མིང་ཚིག
Definition བོད་ཡིག་གི་དཔེ་དེབ་མང་པོ་ཞིག་གི་ནང་ཏ་ཟིག ཏ་སིག སྟག་གཟིག་བཅས་མི་འདྲ་བ་འགའ་སྣང་ལ། ཡུལ་འདི་ནི་ཐོག་མར་ནི་ཨ་ལ་པོ་ཕྱེད་གླིང་གི་ཤར་ཕྱོགས་ཧྲ་ཐེ་ཨ་ལ་པོ་ཟེར་བ་དེ་ཡིན་ཅིང་། པོ་སི་རྒྱ་མཚོའི་ནུབ་ཕྱོགས་སུ་གནས་ཡོད། དུས་རབས་བདུན་པའི་ནང་དབྱི་སི་ལན་གྱི་ཆོས་ལུགས་གསར་གཏོད་མཛད་པོ་མོ་ཧན་མུ་ཏེ་དང་རྗེས་འབྲང་པ་ཁག་གཅིག་གིས་ཨ་ལ་པོ་རུས་རྒྱུད་ཚོ་པ་ཁག་མཉམ་འབྲེལ་བྱེད་རྒྱུའི་བསམ་བློའི་རྨང་གཞི་བཏིང་། མོ་ཧན་མུ་ཏེ་འདས་པའི་རྗེས་སུ་རིང་པོར་མ་སོང་པར་ཨ་ལ་པོ་རུས་རྒྱུད་ཚོ་ཁག་གཅིག་གྱུར་གྱི་རྒྱལ་ཁབ་བཙུགས་པ་ནི་ལོ་རྒྱུས་ཐོག་གི་ཏ་ཟིག་རྒྱལ་ཁབ་ཟེར་བ་དེ་ཡིན།

{{#arraymap:ཏ་ཟིག་

|; |@@@ | | }}