20305

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:29, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཏཱ་དབེན་ཀུན་དགའ་རིན་ཆེན་ (1)
Part of speech མིང་ཚིག
Definition ཆུང་དུས་ནས་ཁུ་བོ་འཇམ་དབྱངས་དོན་ཡོད་རྒྱལ་མཚན་དང་། བླ་མ་མཉམ་མེད་ཆེན་པོ་གཉིས་ལས་རབ་ཏུ་བྱུང་། མཁན་ཆེན་དེ་གཉིས་དང་། ཞང་དབང་ཕྱུག་རྒྱལ་མཚན་ལས་རྒྱུད་སྡེ་བཞིའི་དབང་ཆེན་ཕལ་ཆེར་ཞུས། སློབ་དཔོན་མགོན་པོ་རྒྱལ་མཚན་ལས་རྩ་རྒྱུད་བརྟག་གཉིས་དང་། མཁན་ཆེན་རྟོགས་ལྡན་ལས་ཚད་མ་རྣམ་འགྲེལ་དང་། ཚད་མ་རིགས་གཏེར་བཅས་གསན། ཆུ་མིག་ཏུ་བྱོན་སྐབས་བརྟག་གཉིས་དང་། རྣམ་འགྲེལ། རིགས་གཏེར། ཐུབ་པ་དགོངས་གསལ་སོགས་གསུངས། གདན་སར་ཕེབས། གོང་མ་ཏཱ་མིང་རྒྱལ་པོས་ཀུན་ཏིང་གུ་ཤྲཱིའི་ཆོ་ལོ་དང་། ཤེལ་དམ་དངུལ་དམ་སོགས་ཕུལ། གཞི་ཐོག་བླ་བྲང་གི་གདན་སར་བཞུགས། གོང་མས་ཐི་ལིང་སྐྱ་ཧོ་སི་ཏཱ་དབེན་གུ་ཤྲཱི་ཞེས་པའི་ཆོ་ལོ་ཕུལ། རེ་གཅིག་པར་སྐུ་གཤེགས། གཞི་ཐོག་བླ་བྲང་གི་གདན་རབས་གཉིས་པ་ཡིན།
Synonyms བདག་ཆེན་ཀུན་དགའ་རིན་ཆེན།

{{#arraymap:ཏཱ་དབེན་ཀུན་དགའ་རིན་ཆེན་

|; |@@@ | | }}