20306

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:29, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཏཱ་དབེན་ཆོས་ཀྱི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ཆུ་སྤྲེལ་ཕྱི་ལོ་ ༡༣༣༢ ལོར་གཡས་རུ་ངམ་རིང་དུ་ཡབ་ཏཱི་ཤྲཱི་ཀུན་དགའ་རྒྱལ་མཚན་དང་། མ་གཅིག་དཔལ་ལྡན་བཟང་མོ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་ཡབ་མེས་ཀྱི་ཆོས་ལ་སྦྱངས། ཚད་མའི་སྐོར་ལ་གསན་སྦྱོང་མཛད། གདན་སའི་ཚོགས་ཆེན་པོར་རྣམ་འགྲེལ་དང་། རིགས་གཏེར་གསུངས་ནས་ཚད་མའི་གཞུང་ལུགས་དར་བར་མཛད། བུ་སྟོན་རིན་པོ་ཆེ་གདན་སར་གདན་དྲངས། ལྷ་ཁང་ཆེན་མོར་རྡོར་དབྱིངས་ཀྱི་དཀྱིལ་འཁོར་བློས་བསླངས་དང་། སྨན་བླའི་ཕོ་བྲང་ཆེན་པོ་སོགས་བཞེངས། གདུང་རྒྱུད་སྤེལ་ཕྱིར་བཙུན་མོ་གསུམ་ཁབ་ཏུ་བཞེས། རིགས་སྲས་སྐུ་མཆེད་བཞི་འཁྲུངས། ཕྱིར་སུ་བསྙེན་རྫོགས་བསྒྲུབས། ཉེར་ལྔ་པ་རབ་བྱུང་དྲུག་པའི་མེ་སྤྲེལ་ཕྱི་ལོ་ ༡༣༥༦ ལོར་རྒྱུ་ནག་ཏུ་ཕེབས། ཉེར་བརྒྱད་པ་རབ་བྱུང་དྲུང་པའི་ས་ཕག་ཕྱི་ལོ་ ༡༣༥༩ ལོར་རྒྱ་ནག་ཏུ་སྐུ་གཤེགས ས་སྐྱའི་ལྷ་ཁང་བླ་བྲང་གི་གདུང་རབས་གཉིས་པ་ཡིན། རབ་བྱུང་དྲུང་པའི་ས་ཕག་ཕྱི་ལོ་ ༡༣༥༩ ལོར་རྒྱ་ནག་ཏུ་སྐུ་གཤེགས།

{{#arraymap:ཏཱ་དབེན་ཆོས་ཀྱི་རྒྱལ་མཚན་

|; |@@@ | | }}