20307

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:29, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཏཱ་དབེན་ཏི་ཤྲི་ (1)
Part of speech མིང་ཚིག
Definition ཡོན་རྒྱལ་རབས་ཆེན་མོའི་དབུ་བླ་སྟེ། བླ་རབས་རིམ་བྱོན་གྱི་ལོ་ཚིགས་ནི། རབ་བྱུང་བཞི་པའི་ལྕགས་སྤྲེལ་ལོ་ནས་རབ་བྱུང་ལྔ་པའི་མེ་བྱིའི་བར་འགྲོ་མགོན་ཆོས་རྒྱལ་འཕགས་པ། དེ་ནས་ས་ཡོས་བར་འཕགས་པའི་གཅུང་རིན་ཆེན་རྒྱལ་མཚན། དེ་ནས་མེ་ཁྱིའི་བར་འཕགས་པའི་ཚ་བོ་དྷརྨ་པ་ལ། དེ་ནས་ཤིང་རྟའི་བར་འཕགས་པའི་སློབ་མ་ཡེ་ཤེས་རིན་ཆེན། དེ་ནས་ཆུ་ཡོས་བར་འཕགས་པའི་མཆོད་དཔོན་གྲགས་པ་འོད་ཟེར། དེ་ནས་ཤིང་སྦྲུལ་བར་ཤར་པ་རིན་ཆེན་རྒྱལ་མཚན། དེ་ནས་ཤིང་སྟག་བར་སངས་རྒྱས་དཔལ། དེ་ནས་ཤིང་གླང་ལོའི་བར་ཀུན་དགའ་བློ་གྲོས། དེ་ནས་ས་སྦྲུལ་བར་ཀུན་དགའ་ལེགས་འབྱུང༌། དེ་ནས་ཆུ་བྱའི་བར་རིན་ཆེན་བཀྲ་ཤིས། དེ་ནས་ས་ཁྱིའི་བར་ལོ་ཉེར་ལྔ་ཀུན་དགའ་རྒྱལ་མཚན། དེ་ནས་ཆུ་སྟག་བར་བླ་ཆེན་བསོད་ནམས་བློ་གྲོས། དེ་ནས་ནམ་མཁའ་དཔལ་བཟང་གི་བར་དུ་རིམ་བཞིན་བྱོན་ནོ། །
Foreign ཟུར་ཆག

{{#arraymap:ཏཱ་དབེན་ཏི་ཤྲི་

|; |@@@ | | }}