20366

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:29, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ཆུ་སྟག་ཕྱི་ལོ་ ༡༣༠༢ ལོར་གཙང་དུ་འཁྲུངས། རླངས་ཀྱི་རུས་སུ་གཏོགས། གསུམ་པར་ཡི་གེའི་སྦྱོར་ཀློག་བསླབས། བདུན་པར་སྤྱང་སྔ་ཆོས་བཞི་པ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་ལ་བྱང་ཆུབ་རྒྱལ་མཚན་ཞེས་གསོལ། དགུ་པར་མཁན་ཆེན་ཚུལ་དར་ལས་རབ་ཏུ་བྱུང་། བཅུ་བཞི་བར་ས་སྐྱར་བྱོན། ཕྱི་ནང་གི་རིག་པའི་གནས་ལ་བརྩོན་ཆེར་མཛད། ཉི་ཤུ་པར་ཕག་གྲུའི་ཁྲི་དཔོན་མཛད། ཡུལ་གྲུ་སོ་སོར་ལྗོན་ཤིང་བཏབ། ཆུ་ཆེན་ལ་ཟམ་ཆེན་བཙུགས། མཁར་རྫོང་ཉམས་གསོ་མཛད། གཡའ་བཟང་དང་། ཚལ་པ། འབྲི་གུང་། ས་སྐྱ་བཅས་ལ་དམག་དྲངས། དང་གསུམ་པ་རབ་བྱུང་དྲུག་པའི་ཤིང་རྟ་ཕྱི་ལོ་ ༡༣༥༤ ལོར་བོད་ཁྲི་སྐོར་བཅུ་གསུམ་གྱི་སྲིད་དབང་བདག་གིར་མཛད། ས་སྐྱའི་སྲིད་དབང་མཇུག་བསྒྲིལ། ཕག་གྲུའི་སྲིད་དབང་མགོ་ཚུགས། སྔོན་གྱི་ཁྲི་དཔོན་ལམ་ལུགས་མེད་པ་བཏང་ཞིང་སྡེ་སྲིད་བཙུགས་པ་དང་། ཁྲི་སྐོར་བཅུ་གསུམ་གྱི་སྲིད་འཛིན་སྒྲིག་དེ་རྫོང་ཆེན་བཅུ་གསུམ་དུ་བསྒྱུར། རྫོང་དཔོན་རྣམས་ལོ་གསུམ་རེའི་མཚམས་ནས་བརྗེ་ལེན་བྱེད་པའི་ལམ་ལུགས་བཙུགས། སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས་ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་དང་། ཁྲལ་འུལ་ལམ་ལུགས་གཏན་འབེབས་མཛད། རབ་བྱུང་དྲུག་པའི་ལྕགས་ཡོས་ཕྱི་ལོ་ ༡༣༥༡ ལོར་རྩེས་ཐང་དགོན་པ་བཏབ། རབ་བྱུང་དྲུག་པའི་ཤིང་འབྲུག་ཕྱི་ལོ་ ༡༣༦༤ ལོར་སྐུ་གཤེགས། གསུང་རྩོམ་ནི་བཀའ་ཆེམས་མཐོང་བ་དོན་ལྡན་དང་། གསུང་མགུར་གསོལ་འདེབས་ཐུང་བ། གསུང་མགུར་གསོལ་འདེབས་རིང་མོ། ཞལ་ཆེམས་གསང་བ་ཡང་ཆུང་། ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་བཅས་བཞུགས།

{{#arraymap:ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་

|; |@@@ | | }}