20373
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཀྭན་ཏིང་ཏཱའི་སི་ཏུ་བཀྲ་ཤིས་རྣམ་རྒྱལ་ནི། ཕྱི་ལོ་ ༡༤༥༠ ཀརྨའི་ཆོས་རྒྱལ་གྱི་གདུང་རབས་སུ་འཁྲུངས། ཀརྨ་པ་མཐོང་བ་དོན་ལྡན་གྱིས་སི་ཏུ་ཆོས་ཀྱི་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་འཛིན་དང་གོང་མའི་གསེར་ཁྲིར་མངའ་གསོལ། ཀརྨ་པ་མཐོང་བ་དོན་ལྡན་དང་ཞྭ་དམར་མཁའ་སྤྱོད་དབང་པོ་ལས་མདོ་སྔགས་ཆོས་ཚུལ་མཐའ་དག་གསན་ནས་མཁས་གྲུབ་གཉིས་ལྡན་གྱི་སློབ་དཔོན་ཆེན་པོར་གྱུར། རྗེ་ཉིད་ཀྱི་གདན་ས་ཀརྨ་དགོན་གྱི་བདག་པོ་མཛད་ཅིང་། ཀརྨའི་གདན་སར་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་བརྙན་ཀརྨ་པ་བདུན་པའི་བཀའ་བསྩལ་ལྟར་གསར་དུ་བཞེངས། རྗེ་ཉིད་གདན་སར་སྤྱན་འདྲེན་གྱིས་ཞབས་འདེགས་བླ་ན་མེད་པའི་ཕྲིན་ལས་སྒྲུབ་པ་དང། བསྟན་པ་དང་གདན་ས་འཛིན་སྐྱོང་གཡེལ་མེད་ངང་སློབ་མ་སྐྱོང་བ་སོགས་དམ་པའི་མཛད་བཟང་ལེགས་པར་བསྐྱངས་ཏེ་ཕྱི་ལོ་ ༡༤༩༧ དགུང་ལོ་ཞེ་བདུན་སྟེང་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ།། |
{{#arraymap:ཏཱའི་སི་ཏུ་སྐུ་ཕྲེང་གཉིས་པ་
|; |@@@ | | }}