20390

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:29, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཏཱི་ཤྲཱི་ཀུན་དགའ་བློ་གྲོས་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ས་ཕག་ཕྱི་ལོ་ ༡༢༩༩ ལོར་ས་སྐྱའི་ལྷ་ཁང་བླ་བྲང་དུ་ཡབ་བདག་ཆེན་བཟང་པོ་དཔལ་བ་དང་། ཡུམ་མ་གཅིག་ངང་མོ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་ཀློག་ཡིག་སོགས་བསླབས། དགྱེས་པ་རྡོ་རྗེའི་རྒྱུད་བརྟག་གཉིས་ལ་སློབ་གཉེར་མཛད། ཚད་མ་དང་ཡབ་མེས་ཀྱི་ཆོས་སྐོར་ཐུགས་སུ་ཆུད། བཅུ་གཅིག་པར་ཡོན་རྒྱལ་གོང་མ་ཨ་ཨུར་པ་ཏ་བུ་ཡན་ཐུ་དང་མཇལ་འཕྲད་མཛད། ཟབ་རྒྱས་ཆོས་འཁོར་བསྐོར། གོང་མས་ཀྱང་ཏཱི་ཤྲཱི་སྟེ་དབུ་བླའི་ཆོ་ལོ་དང་། འཇའ་ས་བཀའ་ཐམ་བཅས་པ་ཕུལ། ཉེར་བཞི་བར་བོད་དུ་ཕེབས། དཔལ་ལྡན་ས་སྐྱ་ནས་བསྙེན་པར་རྫོགས། དཔལ་ལྡན་སེང་གེ་ལས་གསང་སྔགས་ཟབ་མོའི་ཆོས་སྐོར་དང་། མདོ་ཕྱོགས་ཀྱི་བསྟན་བཅོས་ཀྱི་དཀའ་གནད་རྣམས་གསན། དཔལ་ས་སྐྱའི་གཙུག་ལག་ཁང་དུ་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། ཡབ་བདག་ཆེན་རིན་པོ་ཆེ་སྐུ་གཤེགས་རྗེས་གཅུང་རྣམས་ལ་བླ་བྲང་སོ་སོར་བགོས། ཉེར་དྲུག་པར་རྒྱ་ནག་ཏུ་སླར་ཡང་ཕེབས། རྒྱལ་བློན་ཀུན་ལ་ཆོས་འཁོར་བསྐོར། ཉེར་དགུ་རབ་བྱུང་དྲུག་པའི་མེ་ཡོས་ཕྱི་ལོ་ ༡༣༢༧ ལོར་རྒྱ་ཡུལ་མེ་ཏོག་ར་བར་སྐུ་གཤེགས། ཡོན་རྒྱལ་གོང་མའི་དབུ་བླ་བརྒྱད་པ་ཡིན།

{{#arraymap:ཏཱི་ཤྲཱི་ཀུན་དགའ་བློ་གྲོས་རྒྱལ་མཚན་

|; |@@@ | | }}