20393

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:29, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཏཱི་ཤྲཱི་གྲགས་པ་འོད་ཟེར་ (1)
Part of speech མིང་ཚིག
Definition རབ་བྱུང་བཞི་པའི་ཤིང་སྤྲེལ་ཕྱི་ལོ་ ༡༢༤༥ ལོར་དཔལ་ལྡན་ས་སྐྱར་ཡབ་སུམ་པ་གྲགས་པ་རྒྱལ་གྱི་སྲས་སུ་འཁྲུངས། གཞོན་དུས་ནས་མདོ་སྔགས་རིག་གནས་ཀུན་ལ་སྦྱངས་པ་མཛད། འགྲོ་མགོན་ཆོས་རྒྱལ་འཕགས་པ་ལས་ས་སྐྱའི་ཆོས་སྐོར་མ་ལུས་གསན། རྒྱ་ནག་ཏུ་ཕེབས་ནས་ཆོས་འཁོར་བསྐོར། རྒྱ་ནག་གོང་མ་དད་དེ་ཏཱི་ཤྲིའི་གོ་གནས་ཕུལ། ས་སྐྱ་པའི་གདུང་བརྒྱུད་མིན། འགྲོ་མགོན་ཆོས་རྒྱལ་འཕགས་པའི་དངོས་སློབ་ཡིན། གསང་སྔགས་ལ་རང་དབང་ཐོབ། ཕྱི་ལོ་ ༡༢༩༡ ལོ་ནས་ཕྱི་ལོ་ ༡༣༠༣ ལོའི་བར་དུ་དབུ་བླའི་འགན་ཁུར། རབ་བྱུང་ལྔ་པའི་ཆུ་ཡོས་ཕྱི་ལོ་ ༡༣༠༣ ལོར་རྒྱ་ནག་ཏུ་སྐུ་གཤེགས། གོང་མ་སེ་ཆེན་རྒྱལ་པོའི་ཏཱི་ཤྲཱི་ལྔ་པ་ཡིན།

{{#arraymap:ཏཱི་ཤྲཱི་གྲགས་པ་འོད་ཟེར་

|; |@@@ | | }}