20685
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྐྱེ་དངོས་ཀྱི་རིགས་ཤིག་སྟེ། སྡོང་པོ་ལྗང་ནག་ཅུང་སྦོམ་ལ་འདྲོང་བ་སྤུ་སེར་ནག་གིས་ཁྱབ་པར་ཡལ་ག་མེད་པ་དང༌། ལོ་མ་སྔོ་སྨུག་ཟར་མའི་མེ་ཏོག་གི་དབྱིབས་འདྲ་བ། སྡོང་པོའི་སྟོད་ཆའི་ལོ་མ་རེ་རེའི་མཚམས་ནས་འཆར་ཞིང༌། འབྲས་བུའམ་གང་བུ་འཇོང་ནར་ཅན་ལ་འབྲུ་ཡང་མེ་ཏོག་གི་ཁ་དོག་ལྟར་དཀར་ནག་གཉིས་འབྱུང་བ་སྟེ། འབྲས་བུ་སྨིན་མཚམས་སུ་བཏུས་ཏེ་བསྐམས་རྗེས་གཙང་མ་བཟོས་ཐོག་སྨན་དུ་སྤྱོད་པ་ཞིག་ཡིན། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་དྲོ་ཞིང་སྣུམ་པས་རླུང་འཇོམས་ཤིང་ལུས་སྟོབས་དང་དྲོད་སྐྱེས་ལ། ཁུ་བ་དང་ལུས་ཟུངས་འཕེལ་ཞིང་སྐྲ་སྐྱེ་བར་བྱེད་པ་ཡིན། |