20812

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:30, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཏེ་ལོ་ཧོ་ཐོག་ཐུ་ (1)
Part of speech མིང་ཚིག
Definition འདི་བ་ཧལ་ཧའི་ཕྱོགས་སུ་འཁྲུངས། ཏཱ་ཁུ་རལ་དུ་གཞུང་ཆེན་ཁག་ལ་མཁས་པར་སྦྱངས། ནང་སོག་ལ་ཕེབས་ནས་དགོན་སྡེ་དང་དགེ་འདུན་གྱི་སྡེ་བཙུགས་པ་སོགས་བསྟན་པ་ལ་མཛད་རྗེས་ཤིན་ཏུ་ཆེ། ཕྱི་ལོ་ ༡༩༤༦ ལོར་བོད་དུ་ཕེབས་ནས་འབྲས་སྤུངས་སྒོ་མང་དུ་ཆོས་ཞུགས་མཛད། རྒྱ་ནག་ནང་དུས་འགྱུར་ཆེ་བའི་སྐབས་ཕྱི་ལོ་༡༩༤༨ ལོར་པེ་ཅིང་ནས་མཁའ་ལམ་བརྒྱུད་ཨ་རིར་ཕེབས། ཨ་རིའི་ནིའུ་འཇར་སིར་བཀྲ་ཤིས་དགེ་འཕེལ་དང་ལྷ་ཁང་ཁ་ཤས་གསར་བཞེངས་མཛད་པ་སོགས་བསྟན་དོན་ལ་མཛད་རྗེས་བླ་མེད་མཛད། ཕྱི་ལོ་ ༡༩༦༥ ལོར་དགོངས་པ་རྫོགས།