21084

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:31, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐ་མའི་ཆ་དང་མཐུན་པ་ལྔ་ (1)
Part of speech མིང་ཚིག
Definition འདོད་ཁམས་ཀྱི་ཀུན་སྦྱོར་རྣམས་ཏེ། འཇིག་ལྟ། ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་མཆོག་འཛིན། ཐེ་ཚོམ། འདོད་པ་ལ་འདུན་པ་དང་། གནོད་སེམས་སོ། །ཐ་མའི་ཆ་ནི་འདོད་པའི་ཁམས་ཡིན་ལ། འདི་དག་ཀྱང་དེའི་རྗེས་སུ་མཐུན་པ་ཡིན་ཏེ། འདི་ལྟར་འདོད་པ་ལ་འདུན་པ་དང་། གནོད་སེམས་གཉིས་ཀྱིས་འདོད་ཁམས་ལས་མི་འདའ་ལ། ལྟ་བ་གཉིས་ཐེ་ཚོམ་དང་གསུམ་པོ་ཡིས་ནི་འདས་ཀྱང་ཕྱིར་ཟློག་པར་བྱེད་དེ། སྒོ་བ་དང་རྗེས་སུ་འབྲང་བ་དང་ཆོས་མཐུན་པའི་ཕྱིར་རོ། ། སློབ་དཔོན་གང་སྤེལ་གྱིས། འདོད་འདུན་དང་གནོད་སེམས་དོར་བའི་གསུམ་དུའང་གསུངས་ཏེ། ཉོན་མོངས་པ་རྣམས་རྣམ་པ་གཅིག་དང་། རྣམ་པ་གཉིས་དང་། རྣམ་པ་བཞི་པ་དག་ཡིན་ལ། དེ་དག་གི་སྒོ་ནི་འདི་གསུམ་གྱིས་བསྡུས་པ་དང་། མཐར་འཛིན་ལྟ་བ་འཇིག་ལྟས་བཅུག་ལ། ལྟ་བ་མཆོག་འཛིན་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་བཅུག ། ལོག་ལྟ་ནི་ཐེ་ཚོམ་གྱིས་རབ་ཏུ་བཅུག་པ་དེའི་ཕྱིར་རྩ་བ་བསྡུས་ཕྱིར་གསུམ་མོ། །གཞན་ཡང་སེམས་ཙམ་པ་དག་ན་རེ། ཡུལ་གཞན་དུ་འགྲོ་བའི་བར་ཆད་གསུམ་སྟེ། འགྲོ་མི་འདོད་པ་དང་། ལམ་ནོར་བ་དང་། ལམ་ལ་ཐེ་ཚོམ་ཟ་བ་དེ་སྙེད་ཅིག་ཐར་པར་བགྲོད་པ་ལའང་གེགས་བྱེད་པ་དེ་ཆོས་མཐུན་པའོ། །དེ་ལ་འཇིག་ལྟས་ཐར་པར་སྐྲག་པར་འགྱུར་བས་འགྲོ་མི་འདོད། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱིས་ལམ་གཞན་ལ་བརྟེན་པའི་ཕྱིར་ལམ་ནོར་བར་འགྱུར། ཐེ་ཚོམ་གྱིས་ལམ་ལ་ཐེ་ཚོམ་ཟ་བར་འགྱུར། དེ་ཡི་ཕྱིར་ན་གསུམ་དུ་བསྟན་ནོ་ཞེས་ཟེར་རོ། །
Domain ཆོས་ལུགས།

{{#arraymap:ཐ་མའི་ཆ་དང་མཐུན་པ་ལྔ་

|; |@@@ | | }}