21090

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:31, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐ་མར་དམན་པའི་གདུང་བ་བསྟན་པའི་ལེའུ་ (1)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པའི་ལེའུ་ཉི་ཤུ་རྩ་བརྒྱད་པ་ཡིན། ལེའུ་འདི་རྒྱུད་དེའི་བཤད་རྒྱུད་དུ་གཏོགས་ཤིང་། ནང་དོན་ལ་བྱུང་ཚུལ་བཅུ་གཉིས་ཀྱི་དྲུག་པ་གདུལ་བྱ་སྐབས་ལ་བབ་པའི་བྱུང་ཚུལ་ལས་གདུལ་བྱ་རུ་ཏྲ་བཏུལ་བ་ཉིད་འགྱོད་པས་རྒྱུད་སྦྱོང་ཚུལ་ལ། དཔང་པོ་ཐུགས་རྗེ་ཆེན་པོ་ལ་དགོངས་སུ་གསོལ་བ་དང༌། ལམ་བདག་ནི་ལོག་ཅིང་ལས་ངན་སྤྱོད་པས་འཁོར་དེ་འགྱོད་པ་དང༌། ཉོན་མོངས་པ་དང་སྡུག་བསྔལ་མྱོང་བས་འགྱོད་དེ་ཐུགས་རྗེ་བསྐུལ་བ་དང༌། ལས་ངན་ལས་ཐར་པ་སྟོན་པའི་དྲིན་ཡིན་པས་སྔར་གང་ན་བཞུགས་དྲིས་པ་དང༌། ལས་ངན་གྱི་འབྲས་བུས་འཇིགས་པས་མངོན་སྤྱོད་མཛོད་ཅིག་པ་དང༌། སྔར་གྱི་ལས་ལ་དོན་མེད་པས་ལས་ཀྱི་རླུང་བཟློག་པར་ཞུས་པ་དང༌། རྒྱུ་རྐྱེན་ངན་པས་ཉམ་ཐག་པས་ཐུགས་རྗེ་བསྐུལ་ཏེ་ལུས་ཕུལ་ཚུལ་བཅས་བསྟན། རྒྱུད་ཆེན་པོ་འདིའི་ལུགས་ལ་ཆོས་ཉིད་བརྒྱུད་ནས་སྟོན་པ་དང་ཅར་ཕོག་ཏུ་སྟོན་པ་ལ་དྲང་དོན་ངེས་དོན་དུ་བྱས་པ་ལ་ལེའུ་འདིས་དྲང་དོན་སྟོན་ཞེས་གཟི་ལྡན་འཆར་ཁའི་འོད་སྣང་དུ་གསལ།

{{#arraymap:ཐ་མར་དམན་པའི་གདུང་བ་བསྟན་པའི་ལེའུ་

|; |@@@ | | }}