21123

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:31, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐ་ར་ར་ (1)
Part of speech རྒྱན་ཚིག
Definition དངོས་པོ་དབྱིབས་ཟླུམ་པོ་རིལ་བུའི་རིགས་ལྟ་བུ་ས་ལ་འཐོར་བའམ་ཟག་པའི་རྣམ་པ་ཞིག་སྟེ།
Example སྣོད་ཁ་རལ་ཏེ་ནང་ནས་སྲན་མ་ཐ་ར་ར་འཐོར་ལྟ་བུ།
ཐ་ར་ར་ (2)
Part of speech རྒྱན་ཚིག
Definition ཧ་ཅང་འཚུབ་ཆ་མི་ཆེ་ཞིང་མང་པོ་མཉམ་དུ་འགྲོ་བའམ་རྒྱུ་བཞིན་པའི་རྣམ་པ་སྟེ།
Example སྤང་ཐང་དུ་ནོར་ནག་ཐ་ར་ར། རི་མགོ་ན་རི་དྭགས་ཐ་ར་ར་ལྟ་བུ།
ཐ་ར་ར་ (3)
Part of speech རྒྱན་ཚིག
Definition ཆུ་ཐིགས་གཅིག་འཕྲོར་གཅིག་ལྷུང་བའི་རྣམ་པ་སྟེ།
Example བྱིས་པ་ངུས་ནས་མིག་ཆུ་ཐ་ར་ར་བྱས་ལྟ་བུ།