From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཐ་རྒོད་ (1)
| Part of speech
|
མིང་ཚིག
|
| Definition
|
ས་ཞིང་འདེབས་ལས་སོགས་བྱེད་མ་མྱོང་བའི་ས་རྒོད་དམ་ས་མ་དུལ་བ་སྟེ།
|
| Example
|
ཐ་རྒོད་དུ་ཤོར་བའི་ས་ཞིང་སྟེང་། །ལོ་ཏོག་ནི་འདེབས་ལས་དཀའ་མོ་གདའ། །ཞེས་པ་ལྟ་བུ།
|
ཐ་རྒོད་ (2)
| Part of speech
|
མིང་ཚིག
|
| Definition
|
སེམས་མ་དུལ་ཞིང་སེམས་རྒྱུད་གྱོང་བའི་དོན་ཏེ།
|
| Example
|
དམ་ཆོས་བདུད་རྩི་སིལ་མས་མ་སྦངས་ཤིང་། །ཐ་རྒོད་གྱོང་པོའི་སེམས་ལ་ཡིད་ཐང་ཆད། །ཅེས་པ་ལྟ་བུ།
|