21148

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:32, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐ་སྙད་ཀྱི་དགག་བྱ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ཐ་སྙད་དུ་དགག་བྱ་དང་། འགོག་བྱེད་གཉིས་ཀ་སྒྱུ་མ་ཙམ་དུ་ཁས་ལེན་དགོས་ཏེ། ལུང་ལས། ཇི་ལྟར་སྤྲུལ་པས་སྤྲུལ་པ་དང། སྒྱུ་མའི་སྐྱེས་བུས་སྒྱུ་མ་ལ། །དགག་པར་བྱེད་པ་ཅི་འདྲ་བ། །དགག་པ་དེ་ཡང་དེ་འདྲར་འདོད། །ཅེས་གསུངས་པས་སོ། །དེས་ན་ལམ་གྱི་དགག་བྱ་ནི་བདེན་དངོས་སུ་ཞེན་པའམ། མཐའ་བཞིར་ཞེན་པའི་བློ་ཡིན་ཞིང། རིགས་པའི་དགག་བྱ་ནི་གང་ལ་བདེན་འཛིན་ཞུགས་པའི་གཞི་ཐམས་ཅད་ཡིན་པས་དེ་དག་ཐ་སྙད་དུ་ཡོད་དེ། བུམ་པ་ལ་བདེན་འཛིན་ཞུགས་པ་ན་བུམ་པ་ཉིད་རང་གི་ཡན་ལག་རྣམས་ལ་རྣམ་པ་བདུན་གྱིས་བཙལ་ནས་དགག་དགོས་པ་བཞིན་ནོ། །བདེན་འཛིན་གྱི་འཛིན་སྟངས་ཀྱི་གཟུང་བྱ་བདེན་པར་གྲུབ་པ་ནི་ཐ་སྙད་དུའང་དགག་བྱ་ཡིན་ཏེ། ཇི་སྐད་དུ། སྟོང་ཉིད་བག་ཆགས་གོམས་པས་ནི། །དངོས་པོའི་བག་ཆགས་སྤོང་འགྱུར་ཞིང། །ཅི་ཡང་མེད་ཅེས་གོམས་པས་ནི། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །ཞེས་དང་། རྟོགས་པས་མཐོང་བ་འཆིང་པ་སྟེ། །དེ་ནི་འདི་རུ་དགག་པར་བྱ། །ཞེས་གསུངས་པ་ལྟར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་དབུ་མའི་སྤྱི་དོན་ལས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཐ་སྙད་ཀྱི་དགག་བྱ་

|; |@@@ | | }}