21151

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:32, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐ་སྙད་ཀྱི་དོན་ (1)
Part of speech མིང་ཚིག
Definition ཐ་སྙད་ཀྱི་དོན་གང་ཞེ་ན། གྲུབ་མཐའ་ལ་ཞུགས་མ་ཞུགས་ཐམས་ཅད་ལ་ཐུན་མོང་དུ་ཡོད་པའི་ཚད་མ་གཉིས་ཀྱིས་དྲངས་པའི་ངེས་ཤེས་ལ་ངེས་པ་བློའི་ཐ་སྙད་དང་། ངེས་ཤེས་དེས་དྲངས་པའི་བརྗོད་བྱེད་ཀྱི་སྒྲ་རྣམས་ལ། བརྗོད་པ་སྒྲའི་ཐ་སྙད་དུ་འཇོག་སྟེ། དེ་ལྟ་བུའི་ངེས་ཤེས་དྲངས་པའི་ཚད་མ་ལ། ཀུན་ཏུ་ཐ་སྙད་པའི་ཚད་མར་འཇོག་པ་ནི། རྣམ་ངེས་ལས་གསལ་བར་འབྱུང་ཞིང་། དེའི་དོན་རིགས་གཏེར་ལས་ཅི་ལྟ་བ་བཞིན་དུ་འབྱུང་ངོ་། །འདི་ལྟ་བུའི་ཐ་སྙད་ངོས་ཟིན་ན། དངོས་པོ་སྨྲ་བའི་ལུགས་ལ་ཐ་སྙད་དུ་ཡོད་ན་ཡོད་པས་མ་ཁྱབ་པ་དང་། དབུ་མ་པའི་ལུགས་ལ་ཁྱབ་པ་ནི། གནས་ལུགས་དཔྱོད་པའི་རིག་ངོར་ཡོད་པ་ཁས་ལེན་མི་ལེན་གྱི་ཁྱད་པར་ཡིན་པ་ཡང་རྟོགས་པར་འགྱུར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
Domain ཚད་མ།

{{#arraymap:ཐ་སྙད་ཀྱི་དོན་

|; |@@@ | | }}