21171

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:32, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐ་སྙད་དུ་ཡོད་པ་ (1)
Part of speech མིང་ཚིག
Definition མདོ། ཐལ་འགྱུར་པ། ཐ་སྙད་དུ་ཡོད་པའི་འཇོག་བྱེད་ནི། ཐ་སྙད་ཁྱད་ཆོས་གསུམ་ལྡན་ཏེ། རྗེ་ཙོང་ཁ་པའི་ལམ་རིམ་ཆེན་མོ་ལས། དེ་ལ་ཐ་སྙད་དུ་ཡོད་པར་འདོད་པ་དང་མེད་པར་འདོད་པ་ནི་ཅི་འདྲ་བ་ཞིག་གི་སྒོ་ནས་འཇོག་པ་ཡིན་སྙམ་ན། ཐ་སྙད་པའི་ཤེས་པ་ལ་གྲགས་པ་ཡིན་པ་དང་། ཇི་ལྟར་གྲགས་པའི་དོན་དེ་ལ་ཐ་སྙད་པའི་ཚད་མ་གཞན་གྱིས་གནོད་པ་མེད་པ་དང༌། དེ་ཁོ་ན་ཉིད་ལའམ་རང་བཞིན་ཡོད་མེད་ཚུལ་བཞིན་དུ་དཔྱོད་པའི་རིགས་པས་གནོད་པ་མི་འབབ་པ་ཞིག་ནི་ཐ་སྙད་དུ་ཡོད་པར་འདོད་ལ། དེ་དག་ལས་བཟློག་པ་ནི་མེད་པར་འདོད་དོ། །ཞེས་དང། རྗེ་ཙོང་ཁ་པའི་ལེགས་བཤད་སྙིང་པོ་ལས། དེས་ན་ཐ་སྙད་དུ་ཡོད་ན་རིགས་ཤེས་ཀྱིས་ཇི་ལྟར་ཡོད་བཙལ་བས་རྙེད་པ་འགལ་མོད་ཀྱང༌། རིགས་ཤེས་ཚད་མས་མི་གནོད་པ་ཞིག་ངེས་པར་དགོས་ལ་ཐ་སྙད་པའི་ཚད་མ་གཞན་གང་གིས་ཀྱང་མི་གནོད་པ་ཞིག་ཀྱང་དགོས་ཏེ། ཐ་སྙད་དུ་ཡོད་པ་ལ་ཚད་མས་གྲུབ་པ་དགོས་པའི་ཕྱིར་རོ། །ཞེས་དང་། ཟླ་བས་སྐབས་འདི་དང་གཞན་མང་པོར་ཀུན་རྫོབ་ཏུ་ཡོད་པ་ནི་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པར་གསུངས་པ་ལྟར་ཡིན་ལ། འཇིག་རྟེན་པའི་ཐ་སྙད་ཀྱིས་གང་ཟག་དང་ཆོས་གང་ཡོད་པར་འཇོག་པ་རྣམས་ཐ་སྙད་ཀྱི་དོན་ཇི་ལྟར་ཡོད་ཡེ་མ་དཔྱད་པ་ཁོ་ནར་འཇོག་པས། དེའི་བཟློག་ཕྱོགས་དཔྱད་ནས་ཡོད་པར་འཇོག་པ་ནི་དོན་དམ་དུ་ཡོད་པར་གསུངས་པ་ཉིད་དོ། །ཞེས་གསུངས། དོན་གཅིག་ལ། ཐ་སྙད་དུ་ཡོད་པ། འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པ། ཀུན་རྫོབ་ཏུ་ཡོད་པ་རྣམས་སོ། །
Domain ཆོས་ལུགས།

{{#arraymap:ཐ་སྙད་དུ་ཡོད་པ་

|; |@@@ | | }}