From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཐགས་རན་ (1)
| Part of speech
|
མིང་ཚིག
|
| Definition
|
བཏགས་ཟིན་པའི་དར་གོས་སོགས་ཀྱི་སྟེང་གི་རི་མོའི་མིང་སྟེ།
|
| Example
|
དར་གོས་བཟང་མིན་ཐགས་རན་ཞིབ་ཚགས་ཡིན་མིན་ལ་བལྟ་དགོས་ལྟ་བུ།
|
ཐགས་རན་ (2)
| Part of speech
|
མིང་ཚིག
|
| Definition
|
ཐགས་འཐག་པའི་དངོས་པོ་ཚགས་དམ་པོ་ཡིན་པའི་དོན་ཏེ།
|
| Example
|
ཕྲུག་འདི་ཐགས་རན་ཧ་ཅང་བཟང་པོ་ཡིན་པས་ཡུན་རིང་པོར་བེད་སྤྱོད་ཐུབ་ལྟ་བུ།
|
ཐགས་རན་ (3)
| Part of speech
|
མིང་ཚིག
|
| Definition
|
དར་གོས་སོགས་བཏགས་པའི་མིང་སྟེ། གསར་རྙིང་བརྡའི་རྣམ་དབྱེ་ལས། ཐགས་རན་ནི་བཏགས་པ་ཞེས་འབྱུང་།
|
| Example
|
འདུལ་བ་ལུང་རྣམ་འབྱེད་ལས། གོས་འདི་རྒྱར་ཆེ་བ་དང༌། ཁྲུན་རིང་བ་དང༌། ཐར་གྱིས་ཞག་པ་དང༌། ཐགས་རན་བཟང་བར་ལེགས་པར་གྱིས་ཤིག ཅེས་པ་ལྟ་བུ།
|
| Type
|
བརྡ་རྙིང་།
|