21307

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:34, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐང་དཀར་བློ་བཟང་ཆོས་འཛིན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ཤིང་འབྲུག་ཕྱི་ལོ་ ༡༧༨༤ ལོར་མདོ་སྨད་དུ་ཡབ་སྒོམ་པ་བྱམས་དང་། ཡུམ་བོ་ཅོག་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། མས་པ་ལས་བསྙེན་པར་རྫོགས། སོ་བརྒྱད་པར་ལྕགས་རྭ་བདེ་ཆེན་དཔལ་འབར་གྱི་མཁན་པོར་ཕེབས། ཞེ་གསུམ་པར་རྒྱལ་རོང་རྩེ་ལྷ་སྒྲུབ་ཁང་དུ་ལོ་གསུམ་ལ་མཚམས་བཞུགས། མདོ་སྨད་དུ་ཕེབས། རྒན་གྱའི་བྲག་དཀར་ཁྲིར་ལོ་གསུམ་བཞུགས། རབ་བྱུང་བཅུ་བཞི་པའི་ཆུ་གླང་ཕྱི་ལོ་ ༡༨༥༣ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲིར་བཞུགས། གདན་ས་ལོ་གཅིག་བསྐྱངས། འཆད་ཉན་དང་། འགྲིག་ལམ། ཀུན་སྤྱོད་བཅས་ལ་དོ་དམ་མཛད། དོན་དགུ་བར་རབ་བྱུང་བཅུ་བཞི་པའི་ཆུ་ཁྱི་ཕྱི་ལོ་ ༡༨༦༢ ལོར་སྐུ་གཤེགས། བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ཞེ་དྲུག་པ་ཡིན།

{{#arraymap:ཐང་དཀར་བློ་བཟང་ཆོས་འཛིན་

|; |@@@ | | }}