21323

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:34, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐང་ཕྲོམ་དཀར་པོ་ (1)
Part of speech མིང་ཚིག
Definition ལོ་མ་སྐྱེ་བའི་ལྡུམ་བུའི་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དཀར་པོ་སྦོམ་ལ་རྒྱས་པ་ཡན་ལག་ས་གཏིང་དུ་ཐད་ཀར་ཟུག་ཅིང༌། སྡོང་པོ་ལྗང་ལ་ཧྲིལ་བ་བདུན་བརྒྱད་ཙམ་ས་ལ་བགྲད་དེ་སྐྱེ་བར་སྤྱིར་བཏང་ཡལ་ག་མེད་པ། ལོ་མ་ལྗང་དཀར་གཉེར་མཐུག་ནར་རིང་སྒྲོ་དབྱིབས་མཐའ་གྱ་གྱུར་མང་ཞིང་། ཉག་ཆུང་རེ་གཉིས་ཙམ་ཡོད་པ་ས་ངོས་སུ་བགྲད་པའི་མཆན་ཁུང་ངམ་ལོ་གསེབ་ནས་མེ་ཏོག་དཀར་ལ་སེར་མདངས་ཡོད་པ། རྟ་དྲིལ་དབྱིབས་ཕྱེད་ཆ་བགོས་ཀྱིས་གཏུམ་བཏུམ་པ་འཆར་ཞིང༌། གང་བུ་སྐྱི་ལྤགས་ལྗང་དཀར་ཐང་ཁུག་འདྲ་བར་རྩི་རིས་དྲ་བ་ལྟར་གྱེས་ཤིང་། རྒས་ཚེ་སེར་སྐྱར་འགྱུར་ཏེ་རླུང་གིས་གང་སར་འཁྱེར་འགྲོ་བ་དང༌། ནང་དུ་འབྲས་བུ་ཁམ་ནག་མཁལ་དབྱིབས་དོད་པ་མང་པོ་ཡོད་པ་སྟེ། མདོ་དབུས་མཐོ་སྒང་གི་ས་གནས་ཕལ་ཆེ་བའི་རི་མཐོའི་སྤང་དང་ས་ནག་འདྲེས་མ་དང༌། བྲག་ཁུང་གི་སྒོ། ཕྱུགས་ལྷས་རྙིང་པོ་སོགས་སུ་སྐྱེ། རྩ་བ་བོད་ཟླ་བརྒྱད་པའི་ནང་བཏུས་ཏེ་ས་དྲེག་སོགས་གཙང་མ་བཀྲུས་རྗེས་དུམ་བུར་གཏུབ་ནས་བསྐམ་རྒྱུ་དང༌། འབྲུ་གུ་བོད་ཟླ་བདུན་པའི་ནང་བཏུས་ཏེ་གཙང་མ་བཟོས་རྗེས་བསྐམ་རྒྱུ། བེད་སྤྱོད་བྱེད་སྐབས་འབྲུ་དེ་ཉིད་ལྕགས་སླང་མེ་འཇམ་བུས་པའི་ནང་སྣ་སེར་ཙམ་བརྔོས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་ཁ་བ། ཞུ་རྗེས་མངར་བ། ནུས་པ་བསིལ་ཞིང་རྩུབ་ལ་རྣོ་བས་ལྷོག་ནད་སོགས་གཉན་རིམས་སྤྱི་དང༌། སོ་སྲིན། ཁོང་སྲིན་གྱི་ནད་རིགས་དང༌། ཕོ་བའི་གཉན་གླང་སོགས་ལ་ཕན་པ་ཡིན།

{{#arraymap:ཐང་ཕྲོམ་དཀར་པོ་

|; |@@@ | | }}