21339

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:34, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐང་ཡིག་ (1)
Part of speech མིང་ཚིག
Definition སློབ་དཔོན་པདྨ་འབྱུང་གནས་ཀྱིས་གསུངས་ཤིང་། ཞུ་བ་པོ་མི་འདྲ་བའི་ཆ་ནས་མིང་བཏགས་པ་ཐང་ཡིག་སྡེ་ལྔ་ཡོད་དེ། པདྨ་བཀའ་ཐང་། རྒྱལ་པོ་བཀའ་ཐང་། བློན་པོ་བཀའ་ཐང་། བཙུན་མོ་བཀའ་ཐང་། ལྷ་འདྲེ་བཀའ་ཐང་བཅས་ཡིན། པདྨ་བཀའ་ཐང་ནི་སློབ་དཔོན་རང་ཉིད་ཀྱི་སྐུ་ཚེ་སྔ་ཕྱིའི་རྣམ་ཐར་དང་། རྒྱལ་པོ་བཀའ་ཐང་ནི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཞུས་ནས་སློབ་དཔོན་གྱིས་གསུང་བ་དང་། བློན་པོ་བཀའ་ཐང་ནི་བློན་པོ་རྣམས་ཀྱིས་ཞུས་ནས་སློབ་དཔོན་གྱིས་གསུངས་པ་དང་། བཙུན་མོ་བཀའ་ཐང་ནི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་ལྷ་ལྕམ་མནྡ་ར་བ་གཉིས་ལ་སོགས་པས་ཞུས་ནས་སློབ་དཔོན་གྱིས་གསུངས་པ་དང་། ལྷ་འདྲེ་བཀའ་ཐང་ནི་ལྷ་འདྲེ་རྣམས་སློབ་དཔོན་གྱི་དམ་ལ་བཏགས་ནས་གསུངས་པ་ཞིག་ཡིན།

{{#arraymap:ཐང་ཡིག་

|; |@@@ | | }}

ཐང་ཡིག་ (2)
Part of speech མིང་ཚིག
Definition རྒྱ་ནག་ཐང་རྒྱལ་རབས་སྐབས་ཀྱི་ལོ་རྒྱུས་ཡི་གེར་འཁོད་པའི་ལོ་རྒྱུས་ཡིག་ཆའི་མིང་སྟེ།
Example ཐང་ཡིག་གསར་རྙིང་ལྟ་བུ།

{{#arraymap:ཐང་ཡིག་

|; |@@@ | | }}