21349

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:34, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐང་ཤིང་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་སྡོང་རིང་རྒྱུན་དུ་སྔོན་པོར་སྡོད་པའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྦོམ་ཕྲ་དང་རིང་ཐུང་སོགས་སྐྱེ་དབྱིབས་སྒྲོན་ཤིང་དང་ཧ་ལམ་མཚུངས་པ། ཤུན་པ་སྐྱ་མཐུག་གས་སུལ་ནས་ཐང་ཆུ་འཛག་པ། ཡལ་ག་ཐུང་ལ་ཕྲ་བ་ཕྱོགས་ཀུན་ནས་རེ་མོས་སུ་འཕྲེད་དུ་སྐྱེ་བ། སྟོད་ཆའི་ཡལ་ག་རིམ་བཞིན་ཕྲ་ལ་ཐུང་བས་རྩེ་ཇེ་ཕྲར་ཕྱིན་ནས་མཆོད་རྟེན་གྱི་དབྱིབས་ལྟར་གྱུར་པ། ལོ་མ་སྔོ་ལྗང་ཕྲ་ལ་ཐུང་ཞིང་རགས་པ་དང་རྒྱབ་ལྗང་དཀར་རྩེ་རྣོ་བ་ཕག་གི་ཟེ་བ་འདྲ་བ་ཡལ་ཕྲན་གྱི་ཕྱོགས་ཀུན་ནས་རེས་མོས་སྐྱེ་བ། མེ་ཏོག་ལྗང་དཀར་ལོ་མའི་དབྱིབས་འདྲ་བ་འཆར་ཞིང༌། འབྲས་བུ་སྒོང་དབྱིབས་ལུག་སྙིང་ཙམ་པ་ཉ་ཁྲབ་གྱོང་རྩུབ་པད་སྤུངས་ལྟ་བུས་གཡོག་པ། གཞོན་དུས་སྨུག་པོ་དང་རྒས་ནས་ཁམ་སེར་དུ་འགྱུར་བ་ཡིན། སྨན་དུ་སྦྱར་བྱ་ནི་ལོ་མང་སོན་པའི་སྡོང་རྒན་གྱི་ཤུན་པའི་གས་སྲུབ་ནས་བབ་པའི་ཁུ་བ་སྐམ་པོ་ཁྲག་སྐམ་འདྲ་བ་དེ་ལ་ཐང་ཁྲག་ཅེས། དུས་ངེས་མེད་དུ་བླངས་ནས་ཤུན་པ་དང་ས་དྲེག་མ་འདྲེས་པར་བསྐམས་ནས་ཉར་ཚགས་བྱེད་རྒྱུ། ཐང་ཆུའམ་ཚི་བ་འབྱར་བག་ཅན་ནོར་ལུག་གི་ཚིལ་འདྲ་བ་དེར་ནགས་མའི་ཐང་ཆུ་ཞེས་གོང་བཞིན་ཉར་ཚགས་བྱེད་རྒྱུ། ཉིང་ཁྲི་དང༌། སྨན་གླིང༌། སྤོ་ཡུལ། མཚོ་སྣ། སྐྱིད་གྲོང༌། རྫ་ཡུལ་སོགས་ཀྱི་ནགས་ཁུལ་དུ་སྐྱེ་བ་མང༌། རོ་ཁ་ལ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་སྐམ་པ། ཐང་ཁྲག་གིས་མི་ཕྱུགས་དུག་གིས་ན་བ་དང༌། རྟ་དང་དྲེའུ་ཐང་ཚྭས་དུག་པ། དུག་ནད་རྒྱུ་མར་བབ་པས་འཁྲུ་བ་སོགས་ལ་ཕན། ཐང་ཆུས་རྣག་འབིགས་པ་དང༌། སྐྲངས་པོ་འཇོམས་པ། ཆུ་སེར་སོགས་སྐེམ་པར་བྱེད་པ་ཡིན།

{{#arraymap:ཐང་ཤིང་

|; |@@@ | | }}