21351

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:34, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐང་ཤིང་བཞི་ཡི་རྩིས་ (1)
Part of speech མིང་ཚིག
Definition རྩིས་ཆེན་བདུན་གྱི་ནང་གསེས་ཤིག་སྟེ། ནད་རྩིས་ཐང་ཤིང་གི་རྩིས་མིག་བཅུ་དྲུག་པོ་འཕྲེད་དུ་བང་བསྒྲིགས་ནས་བཞག་པ་ལས་དངོས་བསྟན་བཅོ་ལྔའི་འཐབ་རྡེལ་དག་གི་གྲས་སུ་རྡེའུ་དཀར་པོ་བཞི་འཕྲེད་དུ་འབྲེལ་ན་ཐང་ཤིང་ཆགས་ཞེས་དང་། རྡེའུ་ནག་པོ་བཞི་འཕྲེད་དུ་འབྲེལ་ན་ཐང་ཤིང་ཆགས་ཅེས་ཟེར་ཞིང་། འབྲེལ་བའི་རྡེའུ་བཞིའི་ཐོག་མ་རྩིས་མིག་གང་གི་སྲོག་རྡེལ་དང་། དེ་བཞིན་དུ་ལུས་རྡེལ་ཡིན་ན་ལུས་རྡེལ། དབང་རྡེལ་ཡིན་ན་དབང་རྡེལ། ཀླུང་རྡེལ་ཡིན་ན་ཀླུང་རྡེལ་བཅས་ཡིན། འདི་ལྟའི་ཐང་ཤིང་གི་རྩིས་ལ་སྲོག་ལུས་དབང་ཀླུང་བཞིའི་ཐང་ཤིང་ཡོད་པར་ཐང་ཤིང་བཞི་ཡི་རྩིས་ཞེས་ཟེར་ཞིང་། དེ་ལས་སྲོག་གི་ཐང་ཤིང་ཆགས་ན་ཚེ་ལ་གློ་བུར་ཡེ་འདྲོག་མེད་ཅིང་སྲོག་གི་ཀ་བ་བརྟན་པས་བཟང་། གལ་སྲིད་ཆག་ན་ཚེ་ཉམས་ཤིང་ཉེས་གྱོད་ཆེན་པོ་སྲོག་ལ་འབྱུང་བས། བཅོས་སུ་སྲོག་བསླུ་དང་། ཚེ་གཟུངས། ཚེ་ཆོག ཚེ་དབང་། སྦྱིན་གཏོང་། སཱཙྪ་ཅི་མང་གདབ་པ་བཅས་བྱ་དགོས། དེ་གཉིས་གང་ཡང་མིན་པར་དཀར་ནག་མཉམ་པ་བྱུང་ན་ནད་གདོན་དགྲ་དང་འཐབ་རྩོད་འོང་བས་སཱཙྪ་གདབ་ཅིང་སྤྲང་སྟོན་བྱ་དགོས། ནག་ཤས་ཆེ་ན་གདོན་ཆེ་བས་ཟས་སྤྱོད་ལ་གཟབ་དགོས། དཀར་ཤས་ཆེ་ན་སྐྱོན་མེད་ཀྱང་གཟེར་ནད་འོང་བས་སྤར་ཁའི་ཆོས་གདོན་དགོས། ལུས་ཀྱི་ཐང་ཤིང་ཆགས་ན་ལུས་ནད་བྱང་ཞིང་དཔལ་དང་ཡང་རྩལ་ཐོན་པས་བཟང་། གལ་སྲིད་ཆག་ན་ལུས་ཀྱི་རྟེན་ཕུར་བཏོན་ཞིང་བཀྲག་མདངས་ཉམས་ལ་ནད་ཡུན་རིང་བས། བཅོས་སུ་ལུགས་བསྒྱུར་མིང་སྤོ་དང་། སཱཙྪ། ཆོས་སྦྱིན། བརྒྱ་བཞི། གཙུག་ཏོར། མཆོད་རྟེན་ལ་ན་བཟའ་སྐུ་དཀར་གསོལ་བཅས་ཀྱི་རིམ་གྲོ་བྱ་དགོས། དེ་གཉིས་གང་ཡང་མིན་པར་དཀར་ནག་མཉམ་པ་བྱུང་ན་འཁྲུ་སྐྱུག་འོང་བས་བསྐང་བཤགས་ལྷ་གསོལ་དང་གཞི་བདག་མཆོད་དགོས། ནག་ཤས་ཆེ་ན་རིམ་གྲོ་བསྐྱེད་དགོས། དཀར་ཤས་ཆེ་ན་སྐྱོན་ཆུང་ཞིང་འཚོ་སླ། དབང་ཐང་གི་ཐང་ཤིང་ཆགས་ན་ལོ་ལེགས་དང་ཚོང་རྒྱལ་འོང་ཞིང་མི་ནོར་ལོངས་སྤྱོད་འཕེལ་བས་བཟང་། གལ་སྲིད་ཆག་ན་དཔལ་འདྲོགས་ཏེ་བྱུར་བབས་ཤིང་གཡང་རལ་ནོར་གོད་འབྱུང་བས། བཅོས་སུ་རྟེན་བཟང་ལ་མར་མེ་མཆོད་འབུལ་དང་། སྦྱིན་གཏོང་། མི་ཁ་དགྲ་བཟློག་བཅས་ཀྱི་རིམ་གྲོ་བྱ་དགོས། དེ་གཉིས་གང་ཡང་མིན་པར་དཀར་ནག་མཉམ་པ་བྱུང་ན་མཁྲིས་ནད་དང་བད་ཀན་སྐྱ་ནད་འོང་བས་ཟས་སྤྱོད་ལ་གཟབ་ཅིང་བརྒྱ་བཞི་དང་གསུང་རབ་བསྒྲོག་དགོས། ནག་ཤས་ཆེ་ན་གྲིབ་འཁོན་ལན་པས་གཏོར་མ་བརྒྱ་རྩ་སོགས་གཏོང་དགོས། དཀར་ཤས་ཆེ་ན་གདོན་རྐྱེན་ལངས་པས་སྦྱིན་པ་ལ་སོགས་དཀར་ཕྱོགས་རིམ་གྲོ་བྱ་དགོས། ཀླུང་རྟའི་ཐང་ཤིང་ཆགས་ན་ཀླུང་རྟ་སྲིད་ཀྱི་ཀ་བ་ཚུགས་ཤིང་དགྲ་བཙོན་དང་ཁྱི་བསྟར་ལ་བརྒྱུས་པས་བཟང་། གལ་སྲིད་ཐང་ཤིང་ཆག་ན་འདྲེ་གནོད་དེ་དཔལ་གྱི་རྒྱལ་མཚན་འགྱེལ་ཞིང་ཁ་སྨྲས་དང་རྩོད་པ་འོང་བས། བཅོས་སུ་སྦྱིན་སྲེག་དང་སྲི་གནོན་བྱ་དགོས། དེ་གཉིས་གངཡང་མིནཔར་དཀར་ནག་མཉམ་པ་བྱུང་ན་གནམ་འདྲེ་དག་ལ་ཤོར་བའི་ཉེན་ཡོད་པས་གཟའ་མདོས་དང་གཟའ་ཡུམ་འདོན་ཞིང་བསྐོར་བ་བྱ་དགོས། ནག་ཤས་ཆེ་ན་ཟས་ངན་དང་དྲག་ཤུལ་བྱས་པས་ལན་ཏེ་སྙིང་འཁྲུགས་ཤིང་ནོར་གོད་འབྱུང་བས་གཟུངས་འདུས་སྦྱིན་གཏོང་དང་འཆི་བ་བསླུ་ཚེ་ཆོག་བྱ་དགོས། དཀར་ཤས་ཆེ་ན་གྲིབ་རྐྱེན་ལན་ཏེ་ཉི་མ་རེ་འཇོག་གིས་ན་བས་ཉི་ཁྲི་གདོན་དགོས། དེ་ལྟའི་ཐང་ཤིང་གཉིས་ཆག་ན་ཚེ་སྐལ་ཉམས་པས་ཚེ་སྒྲུབ་ཚེ་གཟུངས་དང་ཚེ་ཆོག་བྱ་དགོས། གསུམ་ཆག་ན་ལིང་ཚེ་བརྒལ་བས་ངན། བཞི་ཆག་ན་ལིང་ཚེ་གཏིང་ནས་བརྒལ་བས་ཤིན་ཏུ་ངན། རྩིས་མིག་བཅུ་དྲུག་ལས་ཞར་བྱུང་དུ་བཤད་པ་རྡེལ་སྒོ་འགགས་མིན་བརྟག་པའི་རྩིས་གཞི་ཕུད་པའི་གཞན་དག་ལྔ་ཚན་གསུམ་དུ་ཕྱེས་པའི་དང་པོ་ལ་སྐྱེས་འི་ས་ཟེར་ཞིང་། དེའི་ནང་དུ་ཐང་ཤིང་ཆག་ན་སྐྱེས་པའམ་ཕ་ལ་ངན། གཉིས་པ་ལ་བུད་མེད་ཀྱི་ས་ཟེར་ཞིང་། དེའི་ནང་དུ་ཐང་ཤིང་ཆག་ན་བུད་མེད་དར་མ་ལ་ངན། གསུམ་པ་ལ་བྱིས་པའི་ས་ཟེར་ཞིང་། དེའི་ནང་དུ་ཐང་ཤིང་ཆག་ན་བྱིས་པའམ་བུ་ལ་ངན། བྱེ་བྲག་ཏུ་ཀླུང་རྟའི་ཐང་ཤིང་སྟོད་དེ་ལྔ་ཚན་དང་པོའི་ནང་དུ་ཆག་ན་དུར་ས་ངན་པས་དུར་སྤོ་དང་དུར་ལྷ་གསོལ་དགོས། བར་དེ་ལྔ་ཚན་གཉིས་པའི་ནང་དུ་ཆག་ན་ཁང་ས་ངན་པས་སྤོ་བའམ་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་བཅོས་བྱ་དགོས། སྨད་དེ་ལྔ་ཚན་གསུམ་པའི་ནང་དུ་ཆག་ན་ཞིང་ས་ངན་པས་ཀླུ་དང་ས་བདག་གི་བཅོས་བྱ་དགོས།
Domain རྩིས་རིག

{{#arraymap:ཐང་ཤིང་བཞི་ཡི་རྩིས་

|; |@@@ | | }}