21362

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:34, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐང་སྟོན་ཆུང་བ་བློ་གྲོས་དཔལ་ (1)
Part of speech མིང་ཚིག
Definition གྲུབ་ཆེན་ཡུ་མོའི་སྤྲུལ་པ་ཐང་སྟོན་ཆུང་བ་བློ་གྲོས་དཔལ་ཕྱི་ལོ་ ༡༣༡༣ ཆུ་མོ་གླང་གི་ལོར་ཡུལ་དབུས་སུ་སྐུ་འཁྲུངས། ལྷ་རྣམས་ཀྱིས་ཁྲུས་གསོལ་བ་སོགས་ངོ་མཚར་བའི་ལྟས་བཅས་བཙས་མ་ཐག་གོམ་གཅིག་བོར་བའི་ཁར་བཞེངས་ནས་སྔོན་གནས་ཕྱི་མཐའ་སོགས་ཀྱི་ཚིགས་བཅད་གསུང༌། དགུང་ལོ་དྲུག་ནས་རབ་ཏུ་བྱུང་སྟེ་དམ་པ་དུ་མའི་མདུན་ནས་ཕར་ཚད་མངོན་འདུལ་སོགས་གཞུང་ལུགས་ལ་སྦྱང་ཞིང༌། དབང་ལུང་མན་ངག་མཐའ་ཡས་པ་གསན་པས་མཁས་པའི་གྲགས་པ་ཐོབ། བླ་མ་དོན་ཡོད་རྒྱལ་མཚན་དཔོན་སློབ་ཇོ་ནང་དུ་ཀུན་མཁྱེན་ཆེན་པོའི་དྲུང་དུ་ཆོས་ཉན་དུ་ཕེབས། རྗེས་སུ་ཇོ་ནང་དུ་བྱོན་ཏེ་ཀུན་མཁྱེན་ཆེན་པོའི་མདུན་ནས་དུས་འཁོར་དབང་དང་སྦྱོར་དྲུག་སོགས་གསན་པས་ཉམས་རྟོགས་ཁྱད་པར་ཅན་བྱུང༌། ཆོས་རྗེ་ལ་སྔོན་ཡུ་མོའི་སྒོམ་ཐག་ཅིག་ཡོད་པ་ངོས་བཟུང༌། ཡུ་མོ་དངོས་ཡིན་པའི་ལུང་བསྟན་ཡང་མཛད། ཕྱི་ནང་གི་ཆོས་སྐོར་ཐམས་ཅད་ལེགས་པར་ཞུས། ཆོས་གྲགས་དཔལ། ལོ་ཙཱ་བ་བློ་གྲོས་དཔལ། ས་བཟང༌མ་ཏི་པཎ་ཆེན། ཆོས་རྗེ་ཕྱོགས་རྒྱལ་བ་སོགས་ལའང་ཆོས་མང་གསན། སྟོད་ལུང་རྣམ་རྒྱལ་དུ་གོང་མའི་རྒྱལ་ཚབ་མཛད་ནས་རྒྱུད་འགྲེལ་སོགས་ཀྱི་ཆོས་ཆར་ཕབ་ནས་ཕྲིན་ལས་དར་རྒྱས་སུ་མཛད། དགུང་ལོ་དོན་དགུ་ཕྱི་ལོ་ ༡༣༩༡ ལྕགས་ལུག་ཟླ་བ་གཉིས་པའི་ཚེས་བརྒྱད་ལ་ཞིང་བརྗེས་ནས་ངོ་མཚར་བའི་རྟགས་བྱུང་ངོ༌། །

{{#arraymap:ཐང་སྟོན་ཆུང་བ་བློ་གྲོས་དཔལ་

|; |@@@ | | }}