21448

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:35, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐབས་ཀྱི་ཐེག་པ་ (1)
Part of speech མིང་ཚིག
Definition སྔགས། ཐབས་ཀྱི་ཐེག་པ་ནི། ཐབས་མང་བ་དང་། ཐབས་མཁས་པ་དང་། ཐབས་མྱུར་བ་གསུམ་གྱིས་ཁྱད་པར་དུ་འཕགས་པའི་གསང་སྔགས་རྡོ་རྗེའི་ཐེག་པ་སྟེ། ཡོན་ཏན་མཛོད་ཀྱི་དཀའ་འགྲེལ་ཉིན་བྱེད་སྣང་བ་ལས། ཐབས་ཀྱི་ཐེག་པ་ཞེས་པའི་དོན་ནི། སྦྱིན་པ་ལྟ་བུའི་སྤྱོད་པའི་སྒོ་རེ་རེ་ཡང་ཐབས་དུ་མའི་སྒོ་ནས་སྒྲུབ་པས་ཐབས་མང་བ་དང་། ཉོན་མོངས་པ་ལྔ་ཡང་ལམ་དུ་བྱེད་པས་ཐབས་མཁས་པ་དང་། འདོད་ཡོན་མི་སྤོང་བས་ཐབས་བདེ་བ་དང་། ཚེ་གཅིག་ལུས་གཅིག་གིས་འགྲུབ་པས་ཐབས་མྱུར་བའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཐབས་ཀྱི་ཐེག་པ་

|; |@@@ | | }}

ཐབས་ཀྱི་ཐེག་པ་ (2)
Part of speech མིང་ཚིག
Definition མ་ཧཱ་ཡོ་ག བཀའ་བརྒྱད་རྣམ་བཤད་ལས། ཐབས་ཀྱི་ཐེག་པ་ཞེས་པ་ནི། ཐབས་ཆེ་བ་དང་། ཐབས་སླ་བ་དང་། ཐབས་མང་བ་དང་། ཐབས་མྱུར་བ་བཞི་དང་ལྡན་པ་སྟེ། དེ་ཡང་ལམ་འདིའི་གནད་དང་ལྡན་ན་ཀུན་བྱང་གི་ཆོས་ཀུན་སྤང་བླང་མེད་པར་སྤྱད་ཀྱང་སྒྲིབ་པར་མི་འགྱུར་བར་མ་ཟད་ཚོགས་ཆེན་པོ་རྫོགས་པར་འགྱུར་བའི་ཕྱིར་ཐབས་ཆེ་ཞེས་བྱ་སྟེ། ལམ་གཞན་ན་དེ་ལྟ་བུའི་ཐབས་མེད་དོ། །དེ་བཞིན་དུ་དཀའ་ཐུབ་དང་སྡོམ་པ་དྲག་པོས་གཟིར་མི་དགོས་པར་འདོད་པའི་ཡོན་ཏན་ལྔ་ལ་ཅི་བདེར་སྤྱོད་བཞིན་དུ་དེ་ཉིད་ཀྱིས་གྲོལ་བ་ཉིད་དུ་བྱེད་པའི་ཕྱིར་ཐབས་སླ་བ་ཞེས་བྱའོ། །སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་ཆགས་སྡང་ལ་སོགས་པ་ཉོན་མོངས་པ་མཐའ་ཡས་པ་རྣམས་གཉེན་པོ་གཞན་གྱིས་འགོག་མི་དགོས་པར་ཉོན་མོངས་པ་དེ་ཉིད་ཀྱི་སྒོ་ནས་གྲོལ་བ་སྟེར་བའི་ཐབས་དུ་མ་ཡོད་པའི་ཕྱིར་ཐབས་མང་བའོ། །ཐབས་མྱུར་བ་ནི་རྒྱུ་མཚན་བཞིའི་སྒོ་ནས་ཏེ། གང་ཞེ་ན། ཐོག་མ་མེད་པའི་དུས་ཀྱི་སྤྲོས་པའི་བག་ཆགས་མ་ལུས་པ་མྱུར་དུ་ལྡོག་པར་བྱེད་པ་ནི། འདི་ལྟར་སྣང་བ་ལྷར་ཤེས་ཏེ་ཆོས་ཀུན་སྤང་བླང་མེད་པར་སྤྱད་པས་གཟུང་འཛིན་གྱི་རྟོག་པ་རང་སར་ལྡོག་པའི་ཕྱིར་དང་། རྣམ་པར་སྨིན་པ་ལས་ལྡོག་པ་ནི་ལྟ་སྤྱོད་ཕུལ་དུ་ཕྱིན་པའི་སྒོ་ནས་རྣམ་སྨིན་གྱི་ལུས་འདི་ཉིད་མ་བོར་བར་སངས་རྒྱས་ཀྱི་ས་ལ་སྤྱོད་ནུས་པའི་ཕྱིར་དང་། བསོད་ནམས་ཆེན་པོ་བསྐྱེད་པ་ནི། སྣང་བ་ལྷའི་དཀྱིལ་འཁོར་དུ་ལྟ་ཞིང་མཉམ་པ་བཞིའི་དག་པ་དང་མ་བྲལ་བས། ཇི་ལྟར་སྤྱད་ཀྱང་ཚོགས་ཆེན་པོ་རྫོགས་པར་འགྱུར་བའི་ཕྱིར་དང་། ཆོས་རང་བཞིན་མེད་པ་ལ་ངང་གིས་འཇུག་པ་ནི། ཆོས་ཉིད་ཅི་ཡང་མ་ཡིན་པའི་གནད་ཀྱིས་ཅིར་ཡང་འཆར་དུ་རུང་བས་ན། ཏིང་ངེ་འཛིན་གྱི་ཇི་ལྟར་དམིགས་པ་བཞིན་དུ་འགྲུབ་པས་ཅི་ཡང་མིན་པའི་ཆོས་ཉིད་མངོན་དུ་རིག་པར་འགྱུར་བའི་ཕྱིར་ཏེ། དེ་ལྟར་རྒྱུ་མཚན་བཞིའོ། །ཞེས་གསུངས།

{{#arraymap:ཐབས་ཀྱི་ཐེག་པ་

|; |@@@ | | }}