21456
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཨ་ནུ་ཡོ་ག རྙིང་མ། ཐབས་ཀྱི་བདག་པོ་གྲུ་མཁན་ཡང་བརྗོད། མཛད་ཐབས་བཅུ་གཅིག་གི་ནང་གསེས་ཤིག་སྟེ། འདུལ་བྱེད་སྟོན་པ་ནི་ཐར་འདོད་རྣམས་ལ་འཁོར་བའི་ཆུ་བོ་ལས་འགྲོལ་བའི་གྲུ་མཁན་དང་འདྲ་བར་དོན་མཛད་པ་སྟེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། སྟོན་པ་ང་ནི་ཐབས་ཀྱི་བདག་པོ་མཉན་པའམ་གྲུ་མཁན་ཏེ། གང་ཞིག་འཁོར་བའི་སྐྱེ་རྒ་ན་འཆི་བཞིའི་ཆུ་བོ་མཐའ་མེད་པ་ལས། སྲིད་གསུམ་གྱི་སེམས་ཅན་རྣམས་ཕྲིན་ལས་ཀྱིས་བསྒྲལ་བར་དམ་བཅས་ཀྱིས། ཐར་པ་དང་གྲོལ་བར་འདོད་པ་རྣམས་གདམས་ངག་གི་ལམ་འདིར་ཤོག་ཅིག ཅེས་གསུངས། |
Domain | ཆོས་ལུགས། |
{{#arraymap:ཐབས་ཀྱི་བདག་པོ་མཉན་པ་
|; |@@@ | | }}