21457

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:35, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐབས་ཀྱི་བཤད་སྦྱར་ལྔ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། ཐབས་ལྔ་པོ་སོ་སོའི་བྱེད་ལས་དང་སྦྱར་ནས་སྟོན་པ་སྟེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། གང་དུག་སྨན་དུ་བསྒྱུར་བ་ལྟར་འཁོར་བ་ཆོས་ཉིད་དང་ཉོན་མོངས་པ་ཉིད་ཡེ་ཤེས་སུ་བསྒྱུར་ནས་གྲོལ་བར་བྱེད་པས་ཐབས་ལ་མཁས་པར་ངེས་པ་དང་། གང་ལོག་སྲེད་ཅན་རྣམས་ཀྱང་ཡང་དག་པ་ལ་བཙུད་དེ་གདུལ་བྱའི་བློ་གང་ཡང་ཐུགས་རྗེས་མ་ཟིན་པ་མེད་པས་ཐབས་རླབས་ཆེན་པོ་ཡིན་པར་ངེས་པ་དང༌། གདུལ་བྱའི་གྲངས་ལྟར་ཐབས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་མང་པོ་ཅིར་ཡང་སྟོན་ཏེ་འདུལ་བར་བྱེད་པས་ཐབས་མང་བར་ངེས་པ་དང༌། ཐབས་མཐའ་མེད་པ་ཀུན་ཤོང་བས་ནམ་མཁའི་མཐས་གཏུག་པའི་ཐབས་གང་ཡང་མ་འདུས་པ་མེད་པས་ཐབས་ཡས་པར་ངེས་པ་དང༌། འཇིག་རྟེན་པ་དང་ལོག་སྲེད་ཅན་དང་ཐེག་པ་ཀུན་གྱི་སྤྱོད་པ་གང་ཡང་མི་སྤོང་བར་ཀུན་དང་མཐུན་པར་དོན་སྤྱོད་དེ་ཡང་དག་པའི་ལམ་ལ་བདེར་ཞེས་བདེ་བར་འཇུག་པས་ན་ཐབས་ཡངས་པར་ངེས་པའོ། །ཞེས་གསུངས་པ་ལྟར་ལྔ། མདོ་དགོངས་པ་འདུས་པར་སྦྱོར་བའི་ཡན་ལག་རྟོགས་འཇུག་དྲུག་ཅུ་རྩ་གཅིག་སྐབས་གཞན་དོན་དུ་སྦྱོར་བ་ཉེར་བརྒྱད་ཁོངས་སུ་དྲངས་འདུག། འདི་ལ་ཐབས་ཀྱི་སྦྱར་ཐབས་ལྔ་ཞེས་ཀྱང་གསུངས།
Domain ཆོས་ལུགས།

{{#arraymap:ཐབས་ཀྱི་བཤད་སྦྱར་ལྔ་

|; |@@@ | | }}