21458

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:36, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐབས་ཀྱི་མངའ་བདག་སྨན་པ་མཆོག་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མཛད་ཐབས་བཅུ་གཅིག་གི་ནང་གསེས་ཤིག་སྟེ། འདུལ་བྱེད་སྟོན་པ་ནི་དུག་གསུམ་གྱི་ནད་ཞི་བར་འདོད་པ་རྣམས་ལ་སྨན་པ་མཆོག་དང་འདྲ་བར་དོན་མཛད་པ་སྟེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། ང་ནི་ཐབས་ཀྱི་མངའ་བདག་སྨན་པ་མཆོག་སྟེ། ཁམས་གསུམ་མམ་གྲོང་ཁྱེར་གསུམ་གྱི་དུག་གསུམ་གྱིས་མནར་བའི་ནད་པ་རྣམས། ཐོག་མ་མེད་པའི་རྣམ་རྟོག་གི་གཅོང་རྙིང་སྦྱང་བར་དམ་བཅས་ཀྱིས། གང་ཞིག་ནད་མེད་བདེ་བར་འདོད་པ་རྣམས་ལམ་འདིར་ཤོག་ཅིག ཅེས་གསུངས།
Domain ཆོས་ལུགས།

{{#arraymap:ཐབས་ཀྱི་མངའ་བདག་སྨན་པ་མཆོག་

|; |@@@ | | }}