21471
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཨ་ནུ་ཡོ་ག རྙིང་མ། འཁོར་ལོ་རྒྱུན་གྱིས་ཐེག་པ་དང། དོན་དམ་ངེས་པའི་ཐེག་པ་དང། ཆོ་འཕྲུལ་མངོན་འབྱུང་གི་ཐེག་པ་སྟེ། འདི་དག་ལ་ཐེག་པ་གསུམ་དང་འདེགས་བྱེད་ཐབས་ཀྱི་རྩལ་ཆེན་གསུམ་ཞེས་ཀྱང་གསུངས། འདི་གསུམ་པོ་ནི་གསང་སྔགས་ཀྱི་བྱུང་ཚུལ་བཅུ་པ། ལས་རྒྱུད་ཡོངས་སུ་གཅོད་པ་ན་ཡང་བྱུང་ཞེས་པའི་སྐབས་ཀྱི་གདུལ་བྱ་གསུམ་པོ་འདུལ་བྱེད་ཀྱི་ཐེག་པ་གསུམ་གསུངས་པ་དེ་ཡིན། མདོ་འགྲེལ་མུན་པའི་གོ་ཆ་ལས། ལས་རྒྱུད་གཅོད་བྱེད་འགྲོ་བ་དེ་དག་གང་གིས་འདེགས་འདྲེན་པའི་རྩལ་ཐབས་ཀྱང་ཇི་ལྟར་ན་གསུམ་སྟེ། འཁོར་ལོ་ལྟར་རྒྱུན་དུ་འབྱུང་བས་རྒྱུན་གྱི་ཐེག་པ་དང༌། འདོད་པའི་འབྲས་བུ་དོན་དམ་ལམ་དུ་ངེས་པའི་ཐེག་པ་དང༌། སྐྱེ་བ་མེད་པ་ལས་འཕྲུལ་པ་ཆོ་འཕྲུལ་བུདྡྷ་ཉིད་དྲག་ཤུལ་དུ་མངོན་འབྱུང་གི་ཐེག་པའོ། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:ཐབས་ཀྱི་རྩལ་ཆེན་གསུམ་
|; |@@@ | | }}