21472

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:36, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐབས་ཀྱི་སེམས་དཔའ་བཅུ་དྲུག་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཐབས་ཀྱི་སེམས་དཔའ་བཅུ་དྲུག་ནི། བྱང་ཆུབ་སེམས་དཔའ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་དང། བྱང་ཆུབ་སེམས་དཔའ་ཡེ་ཤེས་ཏོག་སྟེ། ཤར་གྱི་སེམས་དཔའ་བཞི་དང་། བྱང་ཆུབ་སེམས་དཔའ་བཟང་སྐྱོང་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་དང་། བྱང་ཆུབ་སེམས་དཔའ་སྤོབས་པ་བརྩེགས་པ་སྟེ། ལྷོའི་སེམས་དཔའ་བཞི་དང་། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་དང་། བྱང་ཆུབ་སེམས་དཔའ་ངན་སོང་ཀུན་འདྲེན་དང་། བྱང་ཆུབ་སེམས་དཔའ་མྱ་ངན་མ་ལུས་པ་ངེས་པར་འཇོམས་པ་དང་། བྱང་ཆུབ་སེམས་དཔའ་དྲྭ་བ་ཅན་ཏེ། ནུབ་ཀྱི་སེམས་དཔའ་བཞི་དང་། བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུ་དང་། བྱང་ཆུབ་སེམས་དཔའ་འོད་དཔག་ཏུ་མེད་པ་དང་། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་དང་། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བ་སྟེ། བྱང་གི་སེམས་དཔའ་བཞི་བཅས་བཅུ་དྲུག་ཏུ། ཉི་ཟླ་འབར་བའི་སྒྲོན་མ་ལས་གསུངས།
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:ཐབས་ཀྱི་སེམས་དཔའ་བཅུ་དྲུག་

|; |@@@ | | }}