21495

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:36, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐབས་དང་ཤེས་རབ་ཡོངས་སུ་དག་པའི་ཆོས་བཞི་ (1)
Part of speech མིང་ཚིག
Definition འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ སེམས་ཅན་ཐམས་ཅད་ལ་བདག་མེད་པར་ཡང་མཐོང་ལ་བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་པ། ༢ ཆོས་ཐམས་ཅད་བརྗོད་དུ་མེད་པར་ཡང་རབ་ཏུ་ཤེས་ལ་ཡི་གེ་དང་ངེས་པའི་ཚིག་གིས་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཅིང་དམ་པའི་ཆོས་ཀྱང་ཡོངས་སུ་འཛིན་པ། ༣ སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བར་ཡང་མོས་ལ་མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་བསྒྲུབ་པའི་ཕྱིར་བརྩོན་འགྲུས་ཀྱང་ཉམས་པར་མི་བྱེད་པ། ༤ སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་ནམ་མཁའི་ངོ་བོ་ཉིད་དུའང་རྟོགས་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་རྩོལ་བའི་རྒྱུན་རྣམས་ཀྱང་མི་གཅོད་པའོ། །
Domain ཆོས་ལུགས།

{{#arraymap:ཐབས་དང་ཤེས་རབ་ཡོངས་སུ་དག་པའི་ཆོས་བཞི་

|; |@@@ | | }}