21547
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་པར་ལྟ་བ། འདུ་བྱེད་ཐམས་ཅད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་འདོད་པ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་པར་བལྟ་བ་ལ་བརྟེན་ནས་འཁོར་བ་ཡོངས་སུ་མི་གཏོང་བ། འདུ་བྱེད་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་འཁོར་བ་ནས་འཁོར་བ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་འདོད་པ་ལ་བརྟེན་ནས་བརྩོན་འགྲུས་འབར་བའོ། ། |
{{#arraymap:ཐབས་ལ་མཁས་པ་རྣམ་པ་དྲུག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཆུང་ངུ་རྣམས་འབྲས་བུ་ཚད་མེད་པར་སྒྲུབ་པར་བྱེད་པ། ཚོགས་ཆུང་ངུས་དགེ་བའི་རྩ་བ་རྒྱ་ཆེ་ཞིང་ཚད་མེད་པ་ཡང་དག་པར་སྐྱེད་ཅིང་ཉེ་བར་སྒྲུབ་པར་བྱེད་པ། སངས་རྒྱས་ཀྱི་བསྟན་པ་ལ་ཞེ་འགྲས་པ་རྣམས་ཀྱི་ཁོང་ཁྲོ་སེལ་བར་བྱེད་པ། ཐ་མལ་པ་རྣམས་འཛུད་པར་བྱེད་པ། ཞུགས་པ་རྣམས་ཡོངས་སུ་སྨིན་པར་བྱེད་པ། ཡོངས་སུ་སྨིན་པ་རྣམས་རྣམ་པར་གྲོལ་བར་བྱེད་པའོ། ། |
{{#arraymap:ཐབས་ལ་མཁས་པ་རྣམ་པ་དྲུག་
|; |@@@ | | }}