21549

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:36, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐབས་ལ་མཁས་པའི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ཅིར་ཡང་སྤྲུལ་པའི་སྐུའི་ཕྱག་རྒྱ་ཉེར་ལྔའི་ནང་ཚན་གྲངས་གནས་བཅུ་བཞི་པ་དེ་ཡིན་ལ། དེ་ཡང་གཞན་སྣང་དུ་ཤར་བའི་སྤྲུལ་སྐུའི་འགྲོ་འདུལ་ཕྲིན་ལས་ཀྱི་ལྡོག་ཆ་ལས་ཕྱེ་བ་སྟེ། གསང་བ་འདུས་པའི་དོན་གྱི་རྒྱུད་ལས། བྱང་ཆུབ་སེམས་ལ་བླང་དོར་མེད། གཞན་རྒྱུད་འདུལ་ནས་སྤང་བླང་བྱ། ཐབས་ལ་མཁས་པའི་ཕྱག་རྒྱ་ཡིན། ཞེས་གསུངས་པས། དེའི་ཚིག་དོན་ནི། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་བཞིན་རྣམ་པར་དག་པས་དེ་ཉིད་ལ་བཟང་ངན་གྱི་བླང་དོར་བྱ་རུ་མེད་ཀྱང་གཞན་གྱི་རྒྱུད་འདུལ་བའི་ཐབས་སུ་སྤང་བླང་ཟུང་གི་ཐབས་སྟོན་པར་མཛད་པའི་དོན་ནོ། །
Domain ཆོས་ལུགས།

{{#arraymap:ཐབས་ལ་མཁས་པའི་ཕྱག་རྒྱ་

|; |@@@ | | }}