21593

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:37, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐམས་ཅད་ཀྱི་དངོས་གཞི་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་དངོས་གཞི་གསུམ་གྱི་ཡ་གྱལ་ཞིག་སྟེ། འཁོར་བ་དང་ལམ་པ་དང་འབྲས་བུ་ཐམས་ཅད་ཀྱི་དངོས་གཞི་བདེན་པ་གཉིས་སུ་བསྟན་པའི་ཕྱིར་ཐམས་ཅད་ཀྱི་དངོས་གཞི་ཞེས་བྱ། འདིའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། ཐམས་ཅད་ཀྱི་དངོས་གཞི་གང་ཞེ་ན། གཉིས་ཏེ། ཇི་ཙམ་དུ་སྲིད་པའི་ས་བོན་མ་ཟད་ཀྱི་བར་དུ་གནས་པའི་ངོ་བོ་ཀུན་ནས་ཉོན་མོངས་པ་ལ་སྣང་བ་ཀུན་རྫོབ་ཀྱི་བདེན་པ་དང༌། རྣམ་པར་དག་པའི་རྒྱུ་འདི་དང༌། དེའི་འབྲས་བུ་ཡོངས་སུ་དག་པ་ལ་སྣང་བ་དོན་དམ་པའི་བདེན་པའོ། །ཞེས་པ་ལྟར་ཀུན་ཉོན་ལ་སྣང་བའི་རྣམ་གྲངས་བཞི་དང་རྣམ་བྱང་ལ་སྣང་བའི་རྣམ་གྲངས་ཉི་ཤུ་རྩ་བདུན་གསུངས།
Domain ཆོས་ལུགས།