21616

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:37, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་ལྷུན་གྱིས་གྲུབ་པར་བསྟན་པ་བཅུ་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ལས་སྐབས་ཉི་ཤུ་པ་རྫོགས་ཆེན་ཨ་ཏིའི་ལྟ་བ་གཏན་ལ་ཕབ་པའི་སྐོར་ལས་བྱུང་བ་སྟེ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པ་དེ་ཡང་ལྷུན་གྱིས་གྲུབ་པ་ཡིན་ནོ་ཞེས་བསྟན་པ། ཀུན་གྱི་རྩེ་མོར་བསྟན་པའི་དཔེ། གོང་འོག་གི་ཁྱད་དང་ཆེ་བ་གཞན་ཡང་བཤད་པ། ད་ནི་རིག་པ་བྱ་རྩོལ་མེད་པའི་སྐུ་གསུམ་དུ་བསྟན་པ་ལས། ཆོས་སྐུ་རང་བབས་ཀྱི་དགོངས་པ། ལོངས་སྐུ་རང་བབས་ཀྱི་དགོངས་པ། སྤྲུལ་སྐུའི་དགོངས་པ། དེ་ལྟར་སྐུ་གསུམ་གྱི་དགོངས་པ་བྱ་བཙལ་ལས་འདས་པའི་དབྱིངས་གཅིག་བསྟན་པ། ཆོས་སྐུ་སེམས་ཉིད་ལས་གཞན་ན་མེད་པ། འཁོར་བའི་སེམས་ཉིད་ཆོས་སྐུར་གྲུབ་པས་སྤང་མི་དགོས་པར་བསྟན་པ། ལྷུན་གྲུབ་དབང་གི་ཆུ་བོ་རིག་པའི་ངང་དུ་ཡེ་ནས་རྫོགས་པར་བསྟན་པ།
Domain ཆོས་ལུགས།

{{#arraymap:ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་ལྷུན་གྱིས་གྲུབ་པར་བསྟན་པ་བཅུ་

|; |@@@ | | }}