21634
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འཕགས་པ་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ ཉན་ཐོས་ཀྱི་སེམས་དང་བྲལ་བ་ཡིན། ༢ རང་སངས་རྒྱས་ཀྱི་སེམས་དང་བྲལ་བ་ཡིན། ༣ ང་རྒྱལ་དང་བྲལ་བ་ཡིན། ༤ ལྷག་པའི་ང་རྒྱལ་དང་བྲལ་བ་ཡིན། ༥ གཡོ་དང་བྲལ་བ་ཡིན། ༦ འཇིག་རྟེན་གྱི་གསང་ཚིག་ཀུན་ཏུ་འཛིན་པ་དང་བྲལ་བ་ཡིན། ༧ ལོག་པར་ཞུགས་པ་དང་བྲལ་བ་ཡིན། ༨ ཡོངས་སུ་སྐྱོ་བ་དང་བྲལ་བ་ཡིན། ༩ སྐྲག་་པ་དང་བྲལ་བ་ཡིན། ༡༠ ཁེངས་པ་དང་རྩོད་པ་བྲལ་བ་ཡིན། ༡༡ འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་བྲལ་བ་ཡིན། ༡༢ ལས་ཀྱི་སྒྲིབ་པ་དང་བྲལ་བ་ཡིན། ༡༣ ཆོས་ཀྱི་སྒྲིབ་པ་དང་བྲལ་བ་ཡིན། ༡༤ བདག་ལ་གསོད་པ་གཞན་ལ་སྨོད་པ་དང་བྲལ་བ་དང་ཡིན། ༡༥ སློབ་དཔོན་ཆོས་འཆབ་པ་དང་བྲལ་བ་ཡིན། ༡༦ བརྗེད་ངས་པའི་འདུ་ཤེས་དང་བྲལ་བ་ཡིན། ༡༧ སྡིག་པའི་གྲོགས་པོ་དང་བྲལ་བ་ཡིན། ༡༨ དགེ་བའི་བཤེས་གཉེན་དང་བྲལ་བ་ཡིན། ༡༩ ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་དང་བྲལ་བ་ཡིན་ཏེ། འདི་ལྟར་སེར་སྣ་དང་། ངན་པའི་ངང་ཚུལ་དང་། ལེ་ལོ་དང་། གཡེང་བ་དང་། འཆལ་པའི་ཤེས་རབ་དང་བྲལ་བ་ཡིན། ༢༠ ཆད་པ་རྟག་པ་དང་བྲལ་བ་ཡིན། ༢༡ ཐབས་ལ་མི་མཁས་པའི་བསྡུ་བ་དང་བྲལ་བ་ཡིན། ༢༢ སྡིག་པ་ཐམས་ཅད་དང་བྲལ་བ་ཡིན་པ་བཅས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་བ་ཉེར་གཉིས་
|; |@@@ | | }}