21653

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:38, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐམས་ཅད་མཁྱེན་པའི་སེམས་ཤིན་ཏུ་བསྡུས་པ་རྣམ་པ་སོ་གཉིས་ (1)
Part of speech མིང་ཚིག
Definition འཕགས་པ་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ བསམ་པས་བསྡུས་པ་ཡིན། ༢ ལྷག་པའི་བསམ་པས་བསྡུས་པ་ཡིན། ༣ བྱམས་པ་ཆེན་པོས་བསྡུས་པ་ཡིན། ༤ སྙིང་རྗེ་ཆེན་པོས་བསྡུས་པ་ཡིན། ༦ ཡོངས་སུ་མི་སྐྱོ་བས་བསྡུས་པ་ཡིན། ༦ སྟོབས་ཀྱིས་བསྡུས་པ་ཡིན། ༧ རྣམ་པར་གནོད་པས་བསྡུས་པ་ཡིན། ༨ མཐུས་བསྡུས་པ་ཡིན། ༩ སོ་སོར་བརྟགས་པས་བསྡུས་པ་ཡིན། ༡༠ དགེ་བའི་བཤེས་གཉེན་གྱིས་བསྡུས་པ་ཡིན། ༡༡ ཆོས་སྤྱོད་པས་བསྡུས་པ་ཡིན། ༡༢ དགེ་བ་སྤྱོད་པས་བསྡུས་པ་ཡིན། ༡༣ བསྡུ་བའི་དངོས་པོས་བསྡུས་པ་ཡིན། ༡༤ སྡོམ་པས་བསྡུས་པ་ཡིན། ༡༥ ཐབས་ཀྱིས་བསྡུས་པ་ཡིན། ༡༦ བཅོས་མ་ཡིན་པས་བསྡུས་པ་ཡིན། ༡༧ ཇི་སྐད་སྨྲས་པ་དེ་བཞིན་བྱེད་པས་བསྡུས་པ་ཡིན། ༡༨ ཕྱིར་བྱ་བའི་རེ་བ་མེད་པས་བསྡུས་པ་ཡིན། ༡༩ ངོ་ཚ་ཤེས་པས་བསྡུས་པ་ཡིན། ༢༠ ཁྲེལ་ཡོད་པས་བསྡུས་པ་ཡིན། ༢༡ མཆོག་ཏུ་དགའ་བས་བསྡུས་པ་ཡིན། ༢༢ དད་པས་བསྡུས་པ་ཡིན། ༢༣ བརྩོན་འགྲུས་ཀྱིས་བསྡུས་པ་ཡིན། ༢༤ དྲན་པས་བསྡུས་པ་ཡིན། ༢༥ ཏིང་ངེ་འཛིན་གྱིས་བསྡུས་པ་ཡིན། ༢༦ ཤེས་རབ་ཀྱིས་བསྡུས་པ་ཡིན། ༢༧ དགེ་བའི་རྩ་བ་ཐམས་ཅད་ཀྱིས་བསྡུས་པ་ཡིན། ༢༨ ཐེག་པ་དམན་པ་ལ་འདོད་པ་མེད་པས་བསྡུས་པ་ཡིན། ༢༩ སེམས་ཅན་ལ་ལྟ་བས་བསྡུས་པ་ཡིན། ༣༠ སངས་རྒྱས་ཀྱི་རིགས་མི་གཅོད་པས་བསྡུས་པ་ཡིན། ༣༡ ཆོས་ཀྱི་རིགས་མི་གཅོད་པས་བསྡུས་པ་ཡིན། ༣༢ དགེ་འདུན་གྱི་རིགས་མི་གཅོད་པས་བསྡུས་པ་བཅས་སོ། །
Domain ཆོས་ལུགས།

{{#arraymap:ཐམས་ཅད་མཁྱེན་པའི་སེམས་ཤིན་ཏུ་བསྡུས་པ་རྣམ་པ་སོ་གཉིས་

|; |@@@ | | }}