21660

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:38, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐམས་ཅད་ཡོད་པར་སྨྲ་བ་ (1)
Part of speech མིང་ཚིག
Definition ཤེས་བྱ་གཞི་ལྔ་པོ་ཐམས་ཅད་རྫས་སུ་ཡོད་པར་སྨྲ་བས་ན་ཐམས་ཅད་ཡོད་པར་སྨྲ་བ་ཞེས་བྱ་སྟེ། མཆིམས་མཛོད་ལས། ཤེས་བྱ་ཐམས་ཅད་གཞི་ལྔས་བསྡུས་པ་ཡིན་ཏེ། གཟུགས་དང༌། སེམས་དང༌། སེམས་ལས་བྱུང་བ་དང༌། མི་ལྡན་པའི་འདུ་བྱེད་དང་། འདུས་མ་བྱས་སོ། །དེ་ལ་བྱེ་བྲག་ཏུ་སྨྲ་བ་ནི་དེ་ཐམས་ཅད་རྫས་སུ་ཡོད་པར་འདོད་དེ། ཐམས་ཅད་ཡོད་པར་སྨྲ་བ་ཡིན་པའི་ཕྱིར་རོ། །ཞེས་དང་། སེར་སྨད་རྒྱལ་དབང་མཛོད་ལས། བྱེ་བྲག་སྨྲ་བས་ནི་གཞི་ལྔ་པོ་དེ་དག་ཐམས་ཅད་རྫས་སུ་ཡོད་པར་འདོད་ལ། རྒྱུ་མཚན་དེས་ཐམས་ཅད་ཡོད་པར་སྨྲ་བ་ཞེས་སུའང་གྲགས་པར་སྣང་ངོ་། །འོན་ཀྱང་གཞི་ལྔ་པོ་རྫས་སུ་ཡོད་པར་སྨྲ་ན། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ཡིན་པས་མ་ཁྱབ་སྟེ། དེ་ནི་རྩ་བའི་སྡེ་པ་བཞིའི་ཡ་གྱལ་གཅིག་ཡིན་པའི་ཕྱིར། ཞེས་གསུངས།

{{#arraymap:ཐམས་ཅད་ཡོད་པར་སྨྲ་བ་

|; |@@@ | | }}