21695

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:38, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐར་ནུ་ (1)
Part of speech མིང་ཚིག
Definition ལྡུམ་བུ་ཐང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དཀར་པོ་སྦོམ་ལ་རིང་བ་ཤུན་པ་ཁམ་ནག་ཅན་གཏིང་རིང་པོར་ཟུག་པ། སྡོང་པོ་དམར་སྒ་ཕྲ་ལ་འདྲོང་བ་ཁ་ཤས་མཉམ་དུ་སྐྱེ་བ། རྩེར་ཡལ་ཕྲན་བཞི་ལྔ་ཙམ་གདུགས་དབྱིབས་སུ་གྱེས་པ་ཕུང་པོར་སྐྱེ་བ། ཡལ་སྡོང་གཉིས་ཀར་སྤུ་དཀར་པོ་ཐར་ཐོར་ཡོད་ལ་འོ་མ་བབ་པ་དང༌། ལོ་མ་སྔོ་ལྗང་སྒོང་དབྱིབས་རེས་མོས་སྐྱེ་བར་མཐའ་མཉམ་ཞིང་ངར་པ་ཐུང་བ། སྡོང་པོའི་སྟོད་ཀྱི་ལོ་མ་དང་མེ་ཏོག་གི་འདབ་གདན་གསུམ་རེ་འཁོར་སྐྱེས་པ་ཡིན་ཞིང་། མེ་ཏོག་ལྗང་སེར་ཆུང་ཞིང་འདབ་མ་ལྔ་དང་ལྡན་པ། སྡོང་པོའི་རྩེར་ལྔ་དྲུག་ཙམ་མཉམ་དུ་འཆར་བ་དང༌། འབྲས་བུ་དམར་པོ་ཆུང་ལ་རིལ་བ་ཁ་གས་པ་གསུམ་འབྱར་ཅན་འདོགས་པ་སྟེ། རི་ལྡེབས་དང་གྲམ་ཐང་སོགས་བྱེ་ཤས་ཆེ་བའི་སར་སྐྱེ་བ་མང༌། རྩ་བ་བོད་ཟླ་བརྒྱད་པའི་ནང་རྨ་མ་བཟོས་པས་བཏུས་ཏེ། གཙང་མ་བཀྲུས་རྗེས་ཕྱི་པགས་བཤུས་ཏེ། བ་གཅིན་ནང་དུ་ར་ཤ་ཅུང་ཟད་བཏབ་ལ་བཙོས་ནས་ར་ཤ་དོར་ལ། རབ་བྱུང་ན་ཁཎྜ་བཟོས་ནས་སྨན་དུ་སྤྱོད་རྒྱུ། རོ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ཞིང་ལྕི་བས་ཚ་གྲང་གི་ནད་རིགས་ཐུར་དུ་སྦྱོང་བར་བྱེད་པ་དང༌། ལྷོག་པ་སོགས་གཉན་ཚད་ཀྱི་ནད། རྔོ་དང༌། ཤུ་བ། ཐོར་བ་དོན་པ་སོགས་ལ་ཕན་པ་དང༌། ཐལ་བས་སྐྱུག་ནད་གཅོད་པར་བྱེད་པ་ཡིན། མིང་གི་རྣམ་གྲངས་ལ་ཁུ་བ་ལྡན་དང༌། ཆར་འབབ། ཉེ་བའི་རི་མོ་ཅན། ཐ་དད་ཕྲེང་ལྡན། བདེ་བྱེད་མ། བུའི་ཕྲེང་ལྡན། བྱི་བའི་ལོ་མ་བཅས་སོ། །

{{#arraymap:ཐར་ནུ་

|; |@@@ | | }}