21700
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འདི་ལ་མིང་གི་རྣམ་གྲངས་སུ་དགེ་སློང་ཐར་པ་ནག་པོ་དང། དགེ་སློང་ཐར་པ་ཞེས་ཀྱང་གྲགས། མདོ་དགོངས་པ་འདུས་པ་ལྟར་ན་རུ་དྲ་ཐར་པ་ནག་པོ་གསང་སྔགས་ཀྱི་ལམ་ལས་གོལ་ཞིང་རུ་དྲར་སྐྱེ་བའི་རྒྱུ་གསོག་པའི་སྐྱེ་རྒྱུད་ཐོག་མ་སྟེ། སྔོན་འདས་པའི་བསྐལ་པ་ཀུན་དགའ་ཞེས་པའི་དུས་ཞིང་ཁམས་མངོན་པར་དགའ་བར་སྟོན་པ་སངས་རྒྱས་མི་བསྐྱོད་པའི་བསྟན་པ་གནས་པའི་ཚེ་ཁྱིམ་བདག་ཀེའུ་ཀ་ཡའི་བུར་སྐྱེས་ཤིང་མིང་ཐར་པ་ནག་པོ་ཟེར་བ་དང་དེའི་གཡོག་དན་ཕག་བཅས་གཉིས་པོ། བསྟན་པ་དེ་ལ་ཞུགས་པའི་དགེ་སློང་ཐུབ་དཀའ་གཞོན་ནུ་ལས་ཐེག་ཆེན་གསང་སྔགས་ཀྱི་གདམས་པ་མནོས་ཤིང་ཐར་པ་ནག་པོ་རབ་ཏུ་བྱུང་བས་དགེ་སློང་ཐར་པ་ནག་པོར་བརྗོད། དན་ཕག་དགེ་བསྙེན་གྱི་ཁྲིམས་ལ་བཅུག་ནས་ཐར་པ་ནག་པོའི་དུས་འཛིན་དུ་བཟུང་ཞིང་གཡོག་ཏུ་བྱས། ཕྱིས་ཐར་པ་ནག་པོ་གསང་སྔགས་ཀྱི་ལྟ་དགོངས་ཟབ་མོ་ལས་གོལ་ཏེ་བླ་མ་དང་གཡོག་དན་ཕག་དག་དང་ལྟ་སྤྱོད་མ་མཐུན་པར་བརྩད་ཅིང་ཁྲོས་ཏེ་གཉིས་པོ་གནས་གཞན་དུ་བསྐྲད། རང་ཉིད་ལྔ་ཕྲག་གི་དངོས་པོ་བཞི་ལ་རང་དགར་འཇོལ་ཉོག་ཏུ་སྤྱད་པས། དེ་ནས་བཟུང་ངན་སོང་མ་དག་པའི་སྐྱེ་རྒྱུད་བཞི་སྟོང་ལྔ་བརྒྱ་བཅུ་བཞིར་བརྒྱུད་པའི་མཐར་རུ་དྲར་སྨིན་ནས་མ་ཟན་མ་ཏཾ་ག་འམ་རུ་དྲ་ཐར་པ་ནག་པོར་འགྱུར་སྐབས། ཐུབ་དཀའ་གཞོན་ནུ་ས་མཆོག་བཅུ་བཞི་པ་བརྙེས་ཏེ་རྡོ་རྗེ་སེམས་དཔའམ་རྡོ་རྗེ་སྙིང་པོར་གནས་གྱུར་པའི་སྤྲུལ་པ་ཐུབ་པའི་དབང་པོས་རུ་དྲ་གདུལ་དུ་ཕྱིན་ཀྱང་ཞི་བས་མ་ཐུལ། དེ་ཚེ་གཡོག་དན་ཕག་རྩལ་ཆེན་རྫོགས་པའི་རྒྱལ་ཚབ་སྐྱེས་བུ་དམ་པ་རྡོ་རྗེ་འཛིན་ནམ་ཕྱག་ན་རྡོ་རྗེར་གནས་གྱུར་པ་དེས་ཁྲོ་བོ་སྨེ་བརྩེགས་སུ་སྤྲུལ་པའི་སྲས་རྡོ་རྗེ་སྲིན་པོས་བཏུལ་བའི་གཏམ་རྒྱུད་སྐོར་མདོ་དགོངས་པ་འདུས་པ་ལེའུ་ཉི་ཤུ་ནས་སོ་གཅིག་བར་གདུལ་བྱ་སྐབས་ལ་བབ་པའི་བྱུང་ཚུལ་བསྟན་པ་ལས་རྒྱས་པར་གསལ། |
{{#arraymap:ཐར་པ་ནག་པོ་
|; |@@@ | | }}