21708
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། རྣལ་འབྱོར་རྒྱུད། ཐར་པའི་འདྲ་འབག་ལམ་དུ་བྱ་བའི་ཚུལ་འདི་ནི་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། སེམས་ཅན་གྱི་དོན་མཛད་པའི་ཚུལ་རྣམས་རྣལ་འབྱོར་པས་སྟན་ཐོག་གཅིག་ཏུ་ཉམས་སུ་བླང་བའི་དབང་དུ་བྱས། ལམ་གྱི་དང་པོ་བདུད་ཀྱི་ལས་སྤོང་བ་དང་། སྲུང་བའི་འཁོར་ལོ་བསྒོམ་པ། དགེ་བ་ཆུང་ངུ་བསྒྲུབ་པ། བྱང་ཆུབ་སེམས་བསྒོམ་པ་ནི་ཚོགས་ལམ་མོ། །སོར་མོ་རྣམས་ལ་རིགས་ལྔ་ཡབ་ཡུམ་དུ་བསམ་པ་ནི་སྦྱོར་ལམ་དྲོད་དོ། །རེག་པར་བསམ་པ། སྔགས་རྒྱ་དང་བཅས་པ་ནི་རྩེ་མོ། རྗེས་སུ་ཞུགས་པ་བསམ་པ། སྔགས་རྒྱ་དང་བཅས་པ་ནི་བཟོད་པ། འདྲེས་པའི་བསམ་པ། སྔགས་རྒྱ་དང་བཅས་པ་ནི་ཆོས་མཆོག ཡེ་ཤེས་དབབ་པ་སྔགས་རྒྱ་དང་བཅས་པ་ནི་མཐོང་ལམ་གྱི་རྟོགས་པ་བསྐྱེད་པའི་གདམས་ངག་གོ ། བརྟན་པར་བསམ་པ་སྔགས་རྒྱ་དང་བཅས་པ་ནི། སྒོམ་ལམ་ས་དགུར་ཆོས་ཉིད་ཀྱི་རྟོགས་པ་གོམས་པར་བྱེད་པའོ། །རང་རྡོ་རྗེ་སེམས་པར་བསྐྱེད་པ་དང་། གནས་གསུམ་བྱིན་རླབས་སྔགས་རྒྱ་དང་བཅས་པ་ནི། བྱང་སེམས་ས་བཅུ་པ་ཉིད་ངེས་དོན་དུ་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་སངས་རྒྱས་པའོ། །དབང་བསྐུར་བ་སྔགས་རྒྱ་དང་བཅས་པ་ནི། སངས་རྒྱས་གོང་མ་རྣམས་ཀྱིས་དབང་བསྐུར་ཅིང་བྱིན་གྱིས་བརླབས་པའོ། །ཆེད་དུ་བརྗོད་པའི་བར་ནི། སྟོན་པ་སངས་རྒྱས་སེམས་ཅན་གྱི་དོན་མཛད་པའོ། །མཆོད་པ་འབུལ་བ་བསྟོད་པ་དང་བཅས་པ་ནི། སྤྲུལ་པའི་སྐུ་ལ་ཚངས་པ་ལ་སོགས་པས་འཁོར་ལོ་རྩིབས་སྟོང་གི་ཡོན་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པའི་ཚུལ་ལམ་བྱེད་པའོ། །བཟླས་པ་དམིགས་པ་དང་བཅས་པ་ནི། སྤྲུལ་སྐུས་གདུལ་བྱ་སོ་སོའི་བསམ་པ་དང་མཐུན་པར་ཆོས་གསུངས་པས། གདུལ་བྱ་དེ་དག་ཐེག་པ་གསུམ་གྱི་ལམ་ལ་བཀོད་པ་ལ་སོགས་པས་སེམས་ཅན་གྱི་བསམ་པ་ཚིམ་པར་མཛད་པའོ། །སླར་ཡང་མཆོད་བསྟོད་བྱ་བ་ནི། ཆོས་ཀྱིས་ཚིམས་པའི་གདུལ་བྱ་རྣམས་ཀྱིས་རང་རང་གི་སྟོན་པ་ལ་བསྙེན་བཀུར་དང། ཡོན་ཏན་བརྗོད་པ་སོགས་ཀྱིས་མཉེས་པར་བྱས་པའོ་ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་ཀུན་རིག་ཆོ་གའི་ལུང་སྦྱོར་རིན་ཆེན་ཕྲེང་བ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཐར་པའི་འདྲ་འབག་ལམ་དུ་བྱ་བ།་
|; |@@@ | | }}