21734

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:38, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐར་ཤུལ་སྐུ་ཕྲེང་གསུམ་པ་ངག་དབང་ཆོས་འཕེལ་ (1)
Part of speech མིང་ཚིག
Definition དམ་པ་འདི་ཉིད་མདོ་སྨད་མཚོ་སྔོན་དུ་འཁྲུངས། སྐུ་ཆུང་དུའི་དུས་ནས་དབུས་སུ་བྱོན་ཏེ་འབྲས་སྤུངས་སྒོ་མང་དང་རྒྱུད་སྨད་དུ་མདོ་སྔགས་གཉིས་ལ་སྦྱངས་པ་མཐར་ཕྱིན་པ་མཛད། པཎ་ཆེན་རིན་པོ་ཆེས་ཐར་ཤུལ་ཆོས་ཀྱི་རྒྱལ་པོ་ཞེས་བཀའ་ལུང་གིས་གཟེངས་བསྟོད་མཛད། མདོ་སྨད་དུ་བྱོན་ནས་བདེ་ཆེན་དང་མགུར་དགོན་པའི་ཁྲིར་བཞུགས། དྷཱི་ཚའི་དགོན་པར་སྨན་ཆོག་ཆེན་མོ་གསུང་རྒྱུའི་སྦྱོར་འཇགས་མཛད། ལོ་རེ་བཞིན་སྨྱུང་གནས་སྟོང་ཕྲག་བསྲུང་དུ་འཇུག་པ་སོགས་གཞན་ཕན་གྱི་མཛད་འཕྲིན་རླབས་ཆེ་བ་བྱུང། བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་དེ་དགུང་ལོ་བདུན་བཅུ་བརྒལ་བར་སྐུ་མྱ་ངན་ལས་འདས་པར་གྲགས།

{{#arraymap:ཐར་ཤུལ་སྐུ་ཕྲེང་གསུམ་པ་ངག་དབང་ཆོས་འཕེལ་

|; |@@@ | | }}