21737

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:39, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐར་ཤུལ་སྐུ་ཕྲེང་བཞི་པ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་ (1)
Part of speech མིང་ཚིག
Definition དམ་པ་འདི་ཉིད་རབ་བྱུང་བཅུ་བཞི་པའི་རབ་མྱོས་ལྕགས་རྟ་ཕྱི་ལོ་ ༡༨༡༠ ལོར། མདོ་སྨད་མཚོ་སྔོན་ཆེ་ཇིའི་ཀླུ་མཁར་དུ་ཡབ་རྡོ་རྗེ་རབ་བརྟན་དང་ཡུམ་དཔལ་འཛོམས་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་ཆུང་ངུའི་དུས་ནས་མཁྱེན་རབ་ཤིན་ཏུ་ཆེ་སྟབས་བརྡ་བསྟན་པ་ཙམ་གྱིས་གཟབ་གཤར་གྱི་ཡི་གེ་གང་ལ་ཡང་སྦྱོར་ཀློག་ཐོགས་པ་མེད་པར་མཁྱེན་ཅིང་ཆོ་ག་ཆོས་སྤྱོད་ཀྱི་རིགས་ཕལ་ཆེར་དཔེ་གཟིགས་པ་ཙམ་གྱིས་ཐུགས་སུ་ཆུད། མཛོད་རྩ་ཉིན་གསུམ་ལ་བྱང་བར་བཟུང་བས་བསྟན་འགྲོའི་དཔལ་དུ་བསམ་བཞིན་བྱོན་པའི་གྲགས་པ་འབར། བདེ་ཆེན་དང་བླ་བྲང་བཀྲ་ཤིས་འཁྱིད་དུ་ཐུགས་གཉེར་གྱིས་མཁས་པའི་གཙུག་རྒྱན་དུ་གྱུར། མགུར་དགོན་པ་དང་བདེ་ཆེན་གྱི་ཁྲིར་ཕེབས། ཁྲི་ཀའི་འཇའ་མོའི་གྲྭ་ཚང་དང་ཅོག་རོང་གྲྭ་ཚང། ཧོར་རྒྱའི་གྲྭ་ཚང། མི་ཉག་གྲྭ་ཚང་སོགས་སུ་འདུ་ཁང་བཞེངས། མདོ་སྨད་བྱང་རྒྱུད་ཀྱི་དེ་སྐབས་ཀྱི་བླ་སྤྲུལ་ཆེ་ཕྲ་ཕལ་མོ་ཆེ་འདི་བའི་སློབ་མར་གྱུར། རབ་བྱུང་བཅོ་ལྔ་བའི་ས་བྱི་ཕྱི་ལོ་ ༡༨༨༨ ལོར་ཐུགས་དགོངས་རྫོགས། གསུང་རྩོམ་རྙེད་དཔོན་བློ་བཟང་བསྟན་རྒྱམ་པའི་རྣམ་ཐར་དང་བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག བསླབ་བྱ་སྣ་ཚོགས་སོགས་པོད་འབྲིང་ཡོད།

{{#arraymap:ཐར་ཤུལ་སྐུ་ཕྲེང་བཞི་པ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་

|; |@@@ | | }}