21792

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:39, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐལ་འགྱུར་ཡང་དག་ (1)
Part of speech མིང་ཚིག
Definition རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། ཐལ་འགྱུར་ཡང་དག་གི་མཚན་ཉིད། ལན་གྱིས་ལྡོག་མི་ནུས་པའི་ཐལ་ངག ། དབྱེ་ན། སྒྲུབ་བྱེད་འཕེན་པ་དང༌། མི་འཕེན་པའི་ཐལ་འགྱུར་ཡང་དག་གཉིས། ཞེས་གསུངས། དོན་གཅིག་ལ། ཐལ་འགྱུར་གྱི་སུན་འབྱིན་ཡང་དག་དང། ཐལ་འགྱུར་ཡང་དག་གོ།
Domain ཚད་མ།

{{#arraymap:ཐལ་འགྱུར་ཡང་དག་

|; |@@@ | | }}

ཐལ་འགྱུར་ཡང་དག་ (2)
Part of speech མིང་ཚིག
Definition ཐལ་འགྱུར་དེའི་རྟགས་དང་ཁྱབ་པ་གཉིས་ཐལ་འགྱུར་དེ་འཕངས་ཡུལ་གྱི་རྒོལ་བའམ་གང་ཟག་ཕ་རོལ་པོའི་བློ་ངོར་གྲུབ་ཅིང། ཐལ་འགྱུར་རང་ཉིད་ཀྱི་དམ་བཅའ་ལ་བསལ་བ་སྟེ་གནོད་བྱེད་འབབ་པའི་ཐལ་ངག་རྣམ་དག་ཅིག་ལ་ཐལ་འགྱུར་ཡང་དག་ཅེས་བརྗོད་པ་ཡིན་ཏེ། རྗེ་བཙུན་རྣམ་འགྲེལ་ལས། རང་ཉིད་ཀྱི་རྟགས་ཁྱབ་རང་འཕངས་ཡུལ་གྱི་རྒོལ་བ་ཕ་རོལ་པོའི་བློ་ངོར་གྲུབ་ཅིང། རང་ཉིད་ཀྱི་དམ་བཅའ་ལ་བསལ་བ་འབབ་པའི་ཐལ་ངག་རྣམ་དག་དེ། ཐལ་འགྱུར་ཡང་དག་གི་མཚན་ཉིད། ཅེས་གསུངས།

{{#arraymap:ཐལ་འགྱུར་ཡང་དག་

|; |@@@ | | }}

ཐལ་འགྱུར་ཡང་དག་ (3)
Part of speech མིང་ཚིག
Definition འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས། འདོད་པ་བརྗོད་ནས་མི་འདོད་བསྒྲུབ། །མཚན་ཉིད་ནི། ཁས་བླངས་ཀྱི་རྟགས་ལས་མི་འདོད་པའི་བསྒྲུབ་བྱ་འཕེན་པའོ། །དབྱེ་བ་ནི། སྒྲུབ་བྱེད་འཕེན་པ་དང་། མི་འཕེན་པའོ། །ཞེས་དང། ཀུན་མཁྱེན་རོང་སྟོན་གྱི་རིགས་གཏེར་རྣམ་བཤད་ལས། མཚན་ཉིད་ནི། ཐལ་འགྱུར་གང་ཞིག གཞན་ངོར་རྟགས་ཁྱབ་གྲུབ་ཅིང་། འདོད་པ་ལ་ཚད་མའི་བསལ་བ་འབབ་པའོ། །དེ་ཡང་ཕ་རོལ་འདོད་པའི་རྟགས་བརྗོད་ནས་མི་འདོད་པའི་བསྒྲུབ་བྱ་འཕེན་པ་ལ་སོགས་པ་དུ་མའོ། །དབྱེ་ན། སྒྲུབ་བྱེད་འཕེན་པ་དང་། མི་འཕེན་པའོ། །ཞེས་དང་། ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས། མཚན་ཉིད་ནི། ཁས་བླངས་ཀྱི་རྟགས་ལས་མི་འདོད་པ་ཐལ་བ་འཕེན་པའི་སྒོ་ནས་ཕྱིར་རྒོལ་གྱི་གྲུབ་མཐའ་སྐྱོན་ཅན་སུན་འབྱིན་ནུས་ཀྱི་ཐལ་ངག་གོ ། དབྱེ་བ་ལ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་དང་། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་གོ ། ཞེས་གསུངས་སོ། །

{{#arraymap:ཐལ་འགྱུར་ཡང་དག་

|; |@@@ | | }}