21795
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས། ཐལ་འགྱུར་ལྟར་སྣང་གི་མཚན་ཉིད་ནི། འདོད་བརྗོད་མི་འདོད་བསྒྲུབ་པ་མེད། །ཁས་བླངས་ཀྱི་རྟགས་ལས་མི་འདོད་པའི་བསྒྲུབ་བྱ་འཕེན་པ་མེད་པའོ། །དབྱེ་ན། རྟགས་མ་གྲུབ་པ་དང་། འགལ་ནས་ཁྱབ་པ་མེད་པ་དང་། མ་ངེས་ནས་ཁྱབ་པ་མེད་པ་དང་། འདོད་པས་ལན་ཐེབས་པ་བཞིའོ། །ཞེས་དང་། ཀུན་མཁྱེན་རོང་སྟོན་གྱི་རིགས་གཏེར་རྣམ་བཤད་ལས། ཐལ་འགྱུར་ལྟར་སྣང་གི་མཚན་ཉིད་ནི། ཐལ་འགྱུར་དུ་བཀོད་པ་གང་ལ་རྩོད་བཟློག་ལན་དོན་མཐུན་འདེབས་པར་ནུས་པའོ། །དབྱེ་བ་མཐའ་ཡས་པས་བརྗོད་པར་མི་དམིགས་པར་ཉིད་དོ། །ཞེས་གསུངས་སོ། ། |
Domain | ཚད་མ། |
{{#arraymap:ཐལ་འགྱུར་ལྟར་སྣང་
|; |@@@ | | }}